R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢༦
[A:༢༢༦] གཅོད་གདན་ཐོག་གཅིག་མའི་ཉམས་ཁྲིད་དང་ལུང༌། གཏུམ་མོའི་མེ་དབང་ཞུས་ནས་རྒྭ་ལོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་དང་ལུང༌། ཕྱག་རྒྱ་ཆེན་པོ་ནོར་བུ་མཐོང་གྲོལ་གྱི་ཁྲིད་མ་བཞི་བུ་བཅུ་བདུན་དང་བཅས་པའི་ལུང༌། སྤང་ལུང་པའི་སྦ་བཞིའི་ཁྲིད་དང་ཡི་གེའི་ལུང༌། རྗེ་བཙུན་མར་པ་ལོ་ཙཱ་བ་ཆེན་པོའི་ཐུགས་བཅུད་རྩ་རླུང་དྲ་མིག་འཁོར་ལོ། འཕོ་བ་སྤྱི་རྡོལ། བར་དོ་བློ་ཆོད། ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་ཏེ་ཤོག་རིལ་བཞི་པར་གྲགས་པ་རྣམས་ཐོས་སོ། །རྒྱ་བོད་ཐམས་ཅད་དུ་ཉི་ཟླ་ལྟར་གྲགས་པའི་མཁས་གྲུབ་ཆེན་པོ་ཤངས་པ་གདུབ་བུའི་ལུགས་ཀྱི་སྐོར་ཐོབ་པ་ལ། རྒྱུད་སྡེ་ལྔ་རིགས་བསྡུས་པ་ལྷ་བརྒྱད་དང་ཉི་ཤུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་ཞུས་ནས། བྱིན་རླབས་ཁོག་འབུབས་ཀྱི་བཀའ་གཉིས། གཞུང་ཤིང་གི་བཀའ་བརྒྱད། མཁའ་སྤྱོད་བཀའ་ལྔ། ཕྱག་ཆེན་བཀའ་ལྔ། འཕོ་བ་བར་དོའི་སྤྱི་བཀའ། བྱིན་རླབས་དངུལ་གདུང་མའི་བཀའ། ཆང་མཆོད་བཀའ་རྒྱ་མའི་བཀའ། གསང་སྒྲུབ་གསུམ་གྱི་བཀའ། སཱུ་ཁ་སིདྡྷིའི་བཀའ། དུག་ལྔ་ལམ་ཁྱེར་གྱི་བཀའ། ལུས་འཆི་མེད་ཀྱི་བཀའ། ནོར་འཛིན་གྱི་བཀའ། རྟ་མགྲིན་གསང་སྒྲུབ་ཀྱི་བཀའ་རྣམས་གང་འོས་སུ་སྦྱར་བའི་རྩ་བ་ཕྱག་རྒྱ་ཆེན་པོ། སྡོང་པོ་ནེ་གུའི་ཆོས་དྲུག །ཡལ་ག་ལམ་ཁྱེར་རྣམ་གསུམ། འབྲས་བུ་འཆི་མེད་རང་གྲོལ་རྣམས་ཀྱི་ཉམས་ཁྲིད། ཞལ་གདམས་དུ་མས་མཛེས་པར་བྱས་པ་དང༌། མེ་ཏོག་མཁའ་སྤྱོད་དཀར་དམར། སྣང་བ་རང་སེམས།