R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢༧
[A:༢༢༧] སྐུ་གསུམ་ལམ་ཁྱེར་སོགས་ཀྱི་མན་ངག་དུ་མ། སཱུ་ཁ་ཆོས་དྲུག་གི་ཉམས་ཁྲིད། བླ་མ་བརྒྱུད་པའི་རྣམ་ཐར་རྫོགས་པ་སོགས་འཇག་པས་མ་ལུགས་གཉིས་ལས་འོངས་པའི་ཡི་གེ་རབ་ཏུ་མང་པོ་སྟེ་མདོར་ན་བརྒྱུད་པའི་བཀའ་བབས་བདུན་ཙམ་ལས་འོངས་པའི་མན་ངག་ཡོངས་སུ་རྫོགས་པ་དང༌། བཀའ་སྲུང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ། གཏོར་དབང་བར་ཆད་ཀུན་སེལ། བླ་མ་མགོན་པོ་དབྱེར་མེད་དེ། མགོན་པོ་རྒྱན་ཅན། མཆོག་སྒྲུབ་མགོན་པོ། མགོན་པོ་གུར་གུམ་མདོག་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ། མགོན་པོ་མཆིན་ཁ། མགོན་པོ་དམར་པོ་དབང་གི་རྒྱལ་པོ། མགོན་པོ་སེར་པོ། མགོན་པོ་དཀར་པོ་ཡིད་བཞིན་ནོར་བུ། མགོན་པོ་གཟི་ལྡན། མགོན་པོ་སྣ་ཚོགས་མཁའ་འགྲོ་ལྗང་ནག་ལྷ་ལྔའི་ཚེ་དབང༌། མགོན་སེར་ཚེའི་བདག་པོའི་ཚེ་དབང༌། གྲིབ་སེལ། གནད་དབབ། ལྷ་བཞིའི་དྲིལ་གྲུབ་རྣམས་ཀྱི་རྗེས་སུ་གནང་བ་མན་ངག་གི་ཚོགས་ཅི་རིགས་པ་དང་བཅས་པ་ཐོས། བཀའ་བརྒྱུད་བསྟན་པའི་མངའ་བདག་རྗེ་འབྲུག་པའི་གདམས་ངག་སྡོང་པོ་གསུམ་བསྒྲིལ་དུ་གྲགས་པ་ལ། རྟོགས་པ་སྒམ་པོ་ལུགས་ལ་བཤད་པ་གཞུང་གི་སྐོར་ལ། དོ་ཧ། གསེར་ཕྲེང༌། སྐུ་དྲིན་བཅུ་གཅིག་པ་རྣམས་ཀྱི་གཞུང་འགྲེལ་ལྷན་ཐབས་དང་བཅས་པ། གདམས་ངག་ཉམས་ལེན་གྱི་སྐོར་ལ། བསམ་མི་ཁྱབ། བསམ་གཏན་ཐུན་འཇོག །ཐོག་བབས་རྣམས་ཀྱི་མན་ངག །ཉམས་ལེན་བྱིན་རླབས་ཀྱི་སྐོར་ལ།