R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢༨
[A:༢༢༨] ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་ཁྲིད། བདུད་ལམ་ཁྱེར། རྣལ་འབྱོར་བཞིའི་རིམ་པ། གདམས་ངག་རས་ཆུང་ལུགས་ལས། རོ་སྙོམས་སྒང་འགྲིལ་དང༌། དཀོར་མཛོད་ལེའུ་དྲུག་པའི་ཉམས་ཁྲིད། རྟེན་འབྲེལ་ཁོ་བོ་ལུགས་ལ། རབས་བདུན་མའི་ཉམས་ཁྲིད། ཚིག་མཆོག་མ་དང༌། ཕྲ་རྒྱས་སོགས་ཡི་གེ་མང་པོའི་ལུང༌། གཞན་ཡང་ཟབ་ཆོས་ནཱ་རོའི་ཆོས་དྲུག་གི་ཉམས་ཁྲིད། འཁོར་ལོ་སྡོམ་པ་བཅུ་གསུམ་མའི་དབང་ཞུས་ནས་བདེ་མཆོག་སྙན་བརྒྱུད་ཀྱི་དབང་བཞིའི་ལམ་ཡོངས་སུ་རྫོགས་པའི་ཉམས་ཁྲིད། རྡོ་རྗེ་ཕག་མོའི་བྱིན་རླབས། ཐོད་དབང་མེའི་འཁོར་ལོ། ཀ་པཱ་ལ་མཆོད་པའི་རྗེས་གནང༌། མོ་ཁྲིད་ཡོངས་སུ་རྫོགས་པ། བཀའ་སྲུང་སྐོང་ཁའི་བཀའ་གཏད་ཀྱི་བར་ངེས་པ་ཅན་བདུན་གྱི་སྒོ་ནས་ལམ་ཡོངས་སུ་རྫོགས་པ། བླ་མ་མོས་གུས་ཀྱི་མྱོང་ཁྲིད། ཁྲིད་ཆེན་ཕྱི་མ་བདུན་གྱི་ལུང་ཁྲིད། བཀའ་བརྒྱུད་གསེར་ཕྲེང་དུ་གྲགས་པ་རྡོ་རྗེ་འཆང་ནས། དབོན་རིན་པོ་ཆེའི་བར་གྱི་བླ་མ་བརྒྱུད་པའི་རྣམ་ཐར་ཡོངས་སུ་རྫོགས་པ། རྗེ་གཙང་པ་རྒྱ་རས་པའི་བཀའ་འབུམ་རྫོགས་པ། སེང་གེ་དགུ་ཚར་གྱི་བཀའ་འབུམ། རྒྱལ་དབང་རྗེ་ཡབ་སྲས་ཀྱི་བཀའ་འབུམ་ཡོངས་སུ་རྫོགས་པ། ཡང་རྗེ་བཙུན་ཆེན་པོ་འབའ་ར་བ་ནས་བརྒྱུད་པའི་ཆོས། རྒྱལ་བ་ཡང་དགོན་པ་ཆེན་པོའི་ཐུགས་ཀྱི་བཅུད་རི་ཆོས་སྐོར་གསུམ་ལས་ནང་སྒོམ་ཆེན་ལ་དགོས་པའི་སྐོར་གསུམ་ཡོངས་སུ་རྫོགས་པ། ཆོས་སྒོ་འབྱེད་པ་ཏིང་ངེ་འཛིན་གྱི་དབང་དང་བཅས་པ། བཀའ་བརྒྱུད་བྱིན་རླབས་ཀྱི་དབང་དང༌། ཕག་མོའི་བྱིན་