R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢༩
[A:༢༢༩]རླབས་ཞུས་ནས་ཕྱག་ཆེན་ཆོས་དྲུག་གི་ཉམས་ཁྲིད། དེའི་ཡི་གེ་མ་ཚང་བ་མེད་པའི་ལུང༌། ཁྲིད་ཆེན་ཕྱི་མ་བདུན་ཆ་ལག་དང་བཅས་པའི་ལུང༌། སྦས་པ་མིག་འབྱེད་ཀྱི་དབང་དང་བཅས་པ། ཆོས་རྗེ་གཙང་སྨྱོན་པའི་ལུགས་ཀྱི་བདེ་མཆོག་དྲུག་ཅུ་རྩ་གཉིས་མའི་དབང་ཞུས་ནས། རས་ཆུང་སྙན་རྒྱུད་གསར་མར་གྲགས་པ་ཡོངས་སུ་རྫོགས་པ། རྗེ་མི་ལའི་རྣམ་མགུར་གྱི་ལུང༌། གཞན་ཡང་མཁའ་འགྲོ་གསང་ལམ་ཆེན་མའི་ཁྲིད་དང་ཡི་གེའི་ལུང༌། རྒྱལ་དབང་གསང་ལམ་སྐོར། ཤཱ་བ་རི་ཕྱི་འགྱུར་གྱི་སྐོར། ཆོས་སྒོ་འབྱེད་པ་གཏོར་མའི་དབང་ཞུས་ནས་སེམས་ཁྲིད་ཡིད་བཞིན་ནོར་བུའི་ཉམས་ཁྲིད། འཕོ་བ་དོན་གྱི་གསལ་འདེབས། གཅོད་ཡུལ་ཡིད་བཞིན་ནོར་བུ་སོགས་ཡི་གེ་མཐའ་དག་གི་ལུང༌། བཀའ་སྲུང་ཐལ་མོ་བརྡབས་ཆོག་གི་རྗེས་གནང་མན་ངག་དང་བཅས་པ། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། ལྔ་ལྡན། སྐུ་གསུམ་ངོ་སྤྲོད་རྣམས་ཀྱི་ཉམས་ཁྲིད། དྭགས་པོའི་བཀའ་འབུམ་དང༌། འབྲི་གུང་དགོངས་གཅིག་གི་ལུང༌། དེ་དག་གི་བསྟན་པ་སྲུང་བ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྗེས་སུ་གནང་བ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་ཤིན་ཏུ་རྒྱས་པ། ཚོམ་བུ་ལ་བརྟེན་པའི་འབྲིང་པོ། རོང་གླིང་ལོ་ཙཱ་བའི་ལུགས་ཀྱི་རྗེས་གནང༌། རྒྭ་ལོའི་ལུགས་ཀྱི་རྗེས་གནང༌། གཏོར་དབང་རིན་པོ་ཆེ་ཕྲེང་བ། ཁམས་ཆེན་རྒན་ལས་པའི་ལུགས་ཀྱི་རྗེས་གནང༌། འཁོར་ལོ་ལྔ་མ་དང་བཞི་མའི་ཉམས་ཁྲིད། ལས་གསང་བའི་རྒྱུད་དང་མན་ངག་ཟབ་བསྡུས་ཅི་རིགས་པ་དང་བཅས་པ།