R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣༢
[A:༢༣༢] རྟ་མགྲིན་བདེ་གཤེགས་འདུས་པ་ལྷ་ལྔའི་དབང༌། དེའི་ཚེ་དབང་མན་ངག་གི་ཡི་གེ་མང་པོའི་ལུང༌། རྟ་མགྲིན་དྲེགས་པ་ཚར་གཅོད་ལྷ་ཉེར་ལྔའི་དབང༌། རྒྱུད་མན་ངག་དང་བཅས་པའི་ལུང༌། རྟ་མགྲིན་རྩ་བ་ལྷ་བཞིའི་དབང༌། དེའི་ཚེ་དབང་མན་ངག་གི་ལུང༌། རྟ་མགྲིན་ལྷ་ལྔའི་དབང༌། དེའི་རིགས་གཏད་ཡི་གེའི་ལུང༌། རྟ་མགྲིན་ནཱ་ག་ཀླུ་འདུལ་གྱི་དབང༌། མན་ངག་རབ་ཏུ་མང་པོའི་ལུང༌། རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་གནོད་སྦྱིན་ནག་པོ་ཆེན་པོའི་རྗེས་གནང་མན་ངག་ཟབ་མོ་དང་བཅས་པ། ལྷ་ས་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྒྱལ་པོ་བཀའ་འབུམ་དུ་གྲགས་པའི་སྐོར་ལ། ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལྷ་སྟོང་དང་ཉེར་ལྔའི་དབང་རྒྱས་པ། ལྷ་ལྔའི་དབང༌། ཚེའི་དབང༌། རིག་པ་རྩལ་ལུང་འབོགས་པའི་དབང༌། སེམས་བསྐྱེད་དང༌། བསྙེན་གནས་ཀྱི་སྡོམ་རྒྱུན་ལུང་རྫོགས་པ་དང་བཅས་པ་རྣམས་ཐོབ། མངའ་བདག་གསུང་གི་སྤྲུལ་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་དབང༌། རྣམ་པ་ཉི་ཤུས་བྱང་ཆུབ་པའི་དབང༌། གཏོར་དབང་གནད་ཀྱི་ཤོག་གཅིག་མ། བརྒྱད་ཚན་བརྒྱད་སོགས་མན་ངག་རྫོགས་པའི་ལུང༌། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་ཉམས་ཁྲིད། རིག་པའི་རྩལ་དབང༌། རྒྱུད་གསུམ། སྟོང་ཐུན་གསུམ། ཁྲིད་ཡིག་གསུམ་ཡོངས་སུ་རྫོགས་པའི་ལུང༌། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང༌། རྒྱུད་དང་མན་ངག་མ་ཚང་བ་མེད་པའི་ལུང༌། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་དབང༌། དེའི་གསང་སྒྲུབ་ཀྱི་དབང༌། ཀོལ་བ་དུམ་བུའི་རྒྱུད་མན་ངག་དང་