R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣༣
[A:༢༣༣]བཅས་པའི་ལུང༌། སྒྲུབ་ཆེན་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་རྒྱས་པ། དྲེགས་པའི་སྲོག་དབང༌། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་དང་བཅས་པ། རྒྱུད་དང་དབང་འབུམ་སྒྲུབ་འབུམ་གྱི་ལུང༌། རྡོ་རྗེ་ཕུར་པ་སྤུ་གྲི་འབར་བའི་དབང༌། རྒྱུད་གཞུང་མན་ངག་དང་བཅས་པ་མ་ཚང་བ་མེད་པ། རླུང་ལས་བྱེད་འཁོར་ལོའི་རྒྱུད་འགྲེལ་པ་མན་ངག་རྗེས་གནང་དང་བཅས་པ། རྗེ་བཙུན་རིག་པའི་རྒྱལ་པོའི་དབང་མན་ངག་དང་བཅས་པ། ལྷོ་བྲག་གྲོ་བོ་ལུང་ནས་སྤྱན་དྲངས་པའི་ཆོས་དྲུག་སྲས་མཁར་མའི་ཁྲིད། བདག་འཇུག་རྡོ་རྗེ་འཆང་གི་དབང༌། ཤོག་རིལ་བཅོ་ལྔའི་ལུང༌། ཛམ་བྷ་ལ་དམར་པོའི་རྗེས་གནང་མན་ངག་གི་ལུང༌། བཀའ་སྲུང་མ་ནིང་དྲེགས་པའི་སྲོག་དབང༌། སྤྱི་རྒྱུད་ལས་རྒྱུད་མན་ངག་དུ་མ་དང་བཅས་པ། དྲང་སྲོང་དྲི་མེད་ཀྱི་རྗེས་གནང་མན་ངག་དང་བཅས་པ། བོད་སྐྱོང་བསྟན་མའི་སྲོག་དབང་རྣམས་ནོས། གནུབས་ཆེན་སངས་ཡེའི་ཐུགས་སྲས་གཡས་བན་གྱི་སྐྱེས་མཐའ་དུམ་པའི་རྒྱ་ཞང་ཁྲོམ་གྱི་ཕུང་པོ་རི་བོ་ཆེ་ནས་སྤྱན་དྲངས་པའི་འཇམ་དཔལ་ཚེ་བདག་ནག་པོའི་ཕྱགས་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ལྷ་ཞེ་དྲུག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བམ་ཆེན་གསང་བའི་དབང་ཐུན་མོང་དང་ཐུན་མོང་མ་ཡིན་པ། བཀྲ་ཤིས་ཚེའི་དབང༌། སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་པའི་རྒྱུད་དང༌། སྒྲོལ་མ་དྲུག་པ་སོགས་མན་ངག་གི་རིགས་དུ་མའི་ལུང༌། རྫ་ལྷུད་མོ་ནས་སྤྱན་དྲངས་པའི་འཇམ་དཔལ་འཇོམས་བྱེད་འབར་བ་ལྷ་ཞེ་གཉིས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ། གཤིན་རྗེ་དཀར་པོ་ལྷ་བཅུ་བདུན་པའི་ཚེའི་དབང་འཆར་ཀ་ནག་པོའི་ཟོར་གྱི་དབང༌། རྒྱུད་བདུན་ལ་སོགས་པའི་མན་ངག་མ་