R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣༡
[A:༢༣༡]གཤིན་རྗེ་གཤེད་དམར་པོ་ཕྱི་འགྱུར་གྱི་དབང་བསྐུར་བ་མན་ངག་དང་བཅས་པ་སྟེ། གྲུབ་ཆེན་དྷ་ན་ཏ་ལས་གནུབས་ཡོན་ཏན་རྒྱ་མཚོ་ལ་གཏད་པའི་དྲག་སྔགས་གཤིན་རྗེ་གཤེད་དམར་ནག་ཡོངས་སུ་རྫོགས་པ་རྣམས་ཐོས། གཏེར་མ་ལ། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐྱེ་བ་བཅུ་དྲུག་པ་མངའ་བདག་མྱང་རལ་པས་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པའི་བླ་མ་དྲག་པོ་དམར་པོའི་དབང་རྒྱས་པ་སྨིན་ལམ་དབང་གི་རྒྱལ་པོ་སྣང་སྲིད་ལྷ་འདྲེའི་སྲོག་དབང༌། དབང་རྡོ་རྗེ་སྤྱི་ལུགས། རྩ་བ་དོན་དང་ཡན་ལག་གི་དབང་བཞི་པ། དབང་བསྡུས་པ་ཅུང་མི་འདྲ་བ་གཉིས། བྱིན་རླབས་ལུ་གུ་རྒྱུད་ཀྱི་གཏོར་དབང༌། དབང་དྲག་དཔའ་བོ་ལྷ་གསུམ་གྱི་རྗེས་གནང་རྣམས་ཞུས་ནས། གཞུང་ཆེན་བདེ་གཤེགས་འདུས་པ། འབྲིང་པོ་དྲག་སྔགས་མེའི་སྤུ་གྲི་བསྡུས་པ་དཔའ་བོ་ལྷ་གསུམ་རྣམས་ཀྱི་མན་ངག་ཇི་སྙེད་པའི་ལུང༌། ལྷོ་བྲག་ཁོ་མཐིང་ནས་སྤྱན་དྲངས་པའི་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་དབང་རྒྱས་པ་དང༌། དོན་དབང་བསྡུས་པ་ཞུས་ནས། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལ་སོགས་པ་རྒྱུད་ལུང་ཉི་ཤུ། དབང་གི་མདོ་བྱང་ཆེན་པོ་སོགས་མན་ངག་བསམ་གྱིས་མི་ཁྱབ་པའི་ལུང༌། བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གཅིག་གི་བཀའ་གཏད། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་དང༌། སྒྲུབ་ཐབས་སོགས་མན་ངག་དུ་མའི་ལུང༌། ཡེར་པ་སེར་བ་གདོང་ནས་སྤྱན་དྲངས་པའི་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང༌། འཆི་མེད་ཚེའི་རྫོང་ཆུང་གི་དབང༌། རྒྱུད་དང་མན་ངག་དུ་མའི་ལུང༌། བཀའ་སྲུང་གྱིང་ལྔ་གཟའ་གདོང་གི་སྲོག་དབང་མན་ངག་དང་བཅས་པ།