R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣༤
[A:༢༣༤]ཚང་བ་མེད་པའི་ལུང༌། བཀའ་སྲུང་སྟག་ཞོན་ནག་པོ་ལྷ་བཅུ་གསུམ་པའི་རྗེས་གནང༌། མན་ངག་ཅི་རིགས་པ་དང་བཅས་པ་རྣམས་ཐོབ། བཙུན་པ་ངན་ལམ་རྒྱལ་མཆོག་གི་སྐྱེ་བ་སྤྲུལ་སྐུ་ཚེ་བརྟན་རྒྱལ་མཚན་ཆོས་ཀྱི་བློ་གྲོས་ཀྱིས་མོན་ཆུ་ཕུག་ནས་སྤྱན་དྲངས་པའི་བླ་མ་རྡོ་རྗེ་འཆང་ལྷ་སུམ་ཅུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཟབ་རྒྱས་ཚེ་དབང་དུ་གྲགས་པའི་དབང་རྒྱས་པ། རྩ་བ་གསུམ་གྱི་གཏོར་དབང་ཞུས་ནས་སྒྲུབ་སྡེ་ཉི་ཤུ་རྩ་བདུན་ཕལ་ཆེར་རྫོགས་པའི་ལུང༌། བླ་མ་ཡཀྵ་མེ་སྦལ་དབུ་དགུ་ཕྱག་བཅོ་བརྒྱད་པའི་དབང་ཞུས་ནས་དེའི་མན་ངག་ཡོངས་སུ་རྫོགས་པ། ཨྱོན་ཚེ་དབང་རྩལ་ལྷ་བཅུ་བདུན་གྱི་དབང༌། ཚེ་སྒྲུབ་བདུད་རྩི་འཁྱིལ་བ་ཡོངས་སུ་རྫོགས་པའི་ལུང༌། སྒྲོལ་མ་ཨུཏྤལ་ཕྲེང་བའི་རྗེས་གནང་མན་ངག་དང༌། སྨེ་བརྩེགས་ཞལ་གསུམ་ཕྱག་དྲུག་པའི་ཁྲུས་དབང་མན་ངག་དང་བཅས་པ་རྣམས་ཐོབ། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པའི་སྐུ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་ཟང་ཟང་ལྷ་བྲག་ནས་སྤྱན་དྲངས་པའི་སྐོར་ལ། ཉན་ཐོས་ཀྱི་ཐེག་པ་དང་མཐུན་པའི་བསྟན་ཁྲིམས་དུས་ཁྲིམས་ཀྱི་སྡོམ་པ། རྣམ་པར་སྣང་མཛད་ལྷ་སོ་གསུམ་གྱི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའི་སྤྱོད་དབང་རིན་པོ་ཆེ། རྒྱུད་གསུམ་མན་ངག་དང་བཅས་པ། བླ་མའི་ཕྱི་སྒྲུབ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་ལྷ་བཅུ་གཅིག་གི་དབང༌། ཕྱི་ལྟར་འགྲོ་བ་ཀུན་སྒྲོལ་གྱི་རྒྱུད་ལ་སོགས་པ་རྒྱུད་གསུམ་ཆ་ལག་དང་བཅས་པ། ཡི་གེ་མེད་པའི་སྙན་རྒྱུད་ཀྱི་མྱོང་ཁྲིད། ནང་སྒྲུབ་རྗེ་བཙུན་ཆེན་པོ་རྡོ་རྗེ་དྲག་པོ་རྩལ་ལྷ་ལྔ་བཅུ་རྩ་དྲུག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་དབང་བཞི་ཡོངས་