R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣༥
[A:༢༣༥]སུ་རྫོགས་པའི་དབང་རྒྱས་པ། བུམ་དབང་རྒྱས་པ་སྨིན་གྲོལ་རྒྱ་མཚོ། དབང་འབྲིང་པོ། ཀ་དག་ལྷུན་གྲུབ་རིག་པའི་རྩལ་དབང༌། བྱིན་རླབས་ཐུགས་རྗེའི་དབང་ལྔ། བླ་མ་ཡུམ་ཅན་གྱི་གཏོར་དབང༌། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང༌། ཐེམས་ཅན་དང་ཐེམས་མེད་ཀྱི་མན་ངག་ཇི་སྙེད་པའི་ལུང་ཡང་ཏིག་གཅེས་པའི་སྒྲོན་མེའི་མྱོང་ཁྲིད། གསང་སྒྲུབ་བླ་མ་ཞི་བ་རིག་འཛིན་གདུང་སྒྲུབ་ཀྱི་རྩ་དབང་རྣམ་པ་ཉི་ཤུས་བྱང་ཆུབ་པ། སྒྲུབ་དབང་རབ་འབྱམས་བཀའི་དབང༌། གཏོར་དབང་ཐོབ་ཆོག་བློ་བདེ། ཐུགས་སྒྲུབ་རིན་ཆེན་འབར་བའི་རྒྱུད་ཕྱི་ནང་གསང་བའི་སྒྲུབ་ཐབས་སོགས་མན་ངག་དུ་མ། སྒྲུབ་ཆེན་བཀའ་བརྒྱད། དྲག་པོ་རང་བྱུང་རང་ཤར་ཆེན་པོའི་རྩ་བའི་དབང༌། སྒྲུབ་དབང་རྒྱས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ། སྒྲུབ་ཕྲན། ཚེ་ལྷ། ནོར་ལྷ། ཁྱུང་ཆེན། ཐོད་པ་བརྟག་པ། བཀའ་སྲུང་ཡོངས་རྫོགས་རྣམས་ཀྱི་དབང་རྣམས་ཞུས། རྒྱུད་བཞི། བསྐྱེད་རྫོགས་ཀྱི་མན་ངག་རབ་ཏུ་མང་པོའི་ལུང༌། ཁྲིད་གཞུང་ཡེ་ཤེས་ཟང་ཐལ་དང༌། རིམ་ལྔའི་མྱོང་ཁྲིད། རང་བཞིན་རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་དུ་བསྟན་པའི་སྐོར་ལ། སྨིན་བྱེད་རྒྱལ་བ་ཞི་ཁྲོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང༌། རྟ་ཕག་ཡབ་ཡུམ་གྱི་དཀྱིལ་འཁོར་དུ་དབང་གོང་མ་གསུམ། ཡེ་ཤེས་སྤྱི་བླུགས་ཀྱི་དབང༌། ངེས་དོན་ལྟ་བའི་དབང༌། རྟགས་གྲོལ་གྱི་དབང་རྣམས་ཞུས་ནས། དགོངས་པ་ཟང་ཐལ་གྱི་ཉམས་ཁྲིད། བླ་མ་བརྒྱུད་པའི་རྣམ་ཐར་རྫོགས་པ། རྒྱུད་ཉི་ཤུ་རྩ་ལྔ་མན་ངག་མང་པོས་བརྒྱན་པ་དང༌། པཎ་ཆེན་བི་མཱ་ལའི་ལུགས་