R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣༦
[A:༢༣༦]ཀྱི་ཞི་ཁྲོའི་དབང་བཞི། སྙིང་པོ་ཐུགས་ཀྱི་དབང༌། རིག་པ་རྩལ་དབང༌། ཡེ་ཤེས་སྤྱི་བླུགས། རྒྱལ་ཐབས་སྤྱི་བླུགས་རྣམས་ནས། ཁྲིད་ཡིག་གཟེར་བུ་གསུམ་པའི་ཉམས་ཁྲིད། བི་མཱ་ལའི་འགྲེལ་ཏིག་ཆེན་མོ། ལོ་ཆེན་བེ་རོ་ཙ་ནའི་སྙན་བརྒྱུད་གསུམ་ཐུགས་རྒྱུད་སོགས་སློབ་དཔོན་གསུམ་གྱི་ཐུགས་བཅུད་ཀྱི་མན་ངག་ཐམས་ཅད་རྫོགས་པའི་མཐར་གཏད་རྒྱ་དང་པོ་རྒྱལ་ཚབ་སྤྱི་བླུགས་ཀྱི་དབང༌། གཏད་རྒྱ་བར་པ་བཀའ་སྲུང་ཨེ་ཀ་ཛ་ཏིའི་བཀའ་གཏད། རྒྱུད་སྒྲུབ་ཐབས་མན་ངག་དང་བཅས་པ། གཏད་རྒྱ་གསུམ་པ་རིག་འཛིན་ཉི་འོད་འབར་གྱི་དབང་སྒྲུབ་ཐབས་དང་བཅས་པ་རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་ཉམས་ཁྲིད། སྙིང་པོ་སྤྱོད་བསྡུས་རིག་པའི་དབང༌། རྒྱུད་གཉིས་མན་ངག་དང་བཅས་པའི་ལུང༌། ཡུམ་རྡོ་རྗེ་ཕག་མོའི་བྱིན་རླབས། བརྟུལ་ཞུགས་གསང་བ་རྨད་བྱུང་གི་ཉམས་ཁྲིད་མན་ངག་དང་བཅས་པ། ཚེ་དཔག་མེད་ཀྱི་སྐོར་ལ། ཕྱི་སྒྲུབ་སྨན་གྱི་བཅུད་ལེན་ཚེ་དཔག་མེད་རིགས་ལྔ་རྟ་མགྲིན་དང་བཅས་པ། ནང་སྒྲུབ་ལོངས་སྤྱོད་རྫོགས་སྐུ་ལྷ་ཉེར་གཅིག གསང་བ་རླུང་དུ་སྒྲུབ་པ་ལྕགས་ཀྱི་སྡོང་པོ། ཡང་གསང་མི་ཤིགས་པ་ཐིག་ལེར་སྒྲུབ་པ་ཚེ་དཔག་མེད་དཀར་པོ་ལྷ་བཅུ་གསུམ་པ་རྣམས་ཀྱི་དབང་རེ་རེ། ཡང་གསང་ཚེའི་སྙན་བརྒྱུད་འཆི་མེད་འོད་ཀྱི་སྣང་བའི་ཉམས་ཁྲིད། འཆི་བདག་ཟློག་བྱེད་སྟོབས་ཆེན་གྱད་ཀྱི་འཁོར་ལོ་མན་ངག་མ་ཚང་བ་མེད་པའི་ལུང༌། དཔལ་རྡོ་རྗེ་གཞོན་ནུ་ཆེ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད་པའི་དབང༌། སྟོད་དཀར་པོ་ལམ་གྱི་སྒྲོན་མ། སྨད་ནག་པོ་དུག་གི་འཁོར་ལོ། བར་བཀའ་ནན་ལྕགས་ཀྱི་བེར་ཀའི་མན་ངག་