R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣༧
[A:༢༣༧]ཇི་སྙེད་པའི་ལུང༌། རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་དབང༌། རྒྱུད་དང་མན་ངག་རྫོགས་པའི་ལུང༌། རྡོ་རྗེ་གཞོན་ནུ་དྲིལ་སྒྲུབ་ཀྱི་མན་ངག །བཀའ་སྲུང་སྟག་ཞོན་ནག་པོའི་རྗེས་གནང༌། རྒྱུད་དང་སྒྲུབ་ཐབས་མན་ངག་དང་བཅས་པ། དུག་དབང་ཤིན་ཏུ་ཟབ་པ། ལྷ་ཆེན་སྟོབས་འདུལ་ནག་པོ་དང༌། བསོད་ནམས་དཔལ་འབྱོར་གྱི་རྗེས་སུ་གནང་བ། ཕྱི་ནང་གི་མན་ངག་བརྒྱ་རྩ་བརྒྱད། དམ་ཅན་རྡོ་རྗེ་ལེགས་པ་རྒྱལ་བློན་ལྔ་པའི་རྗེས་གནང༌། གྱིན་སྲོག་གི་སྤུ་གྲི་རྒྱུད་མན་ངག་དང་བཅས་པ། གཏེར་སྲུང་སོ་སོའི་བཀའ་གཏད་མཆོད་འཕྲེང་དང་བཅས་པ་སྟེ་མདོར་ན་གཏེར་ཁ་འདིའི་གདམས་པ་ཕལ་ཆེར་རྫོགས་པར་ཐོས་ཤིང་ཁོངས་སུ་ཆུད་ལ་ཉམས་སུ་མྱོང་བ་ཡིན་ནོ། །གནུབས་ཆེན་ནམ་མཁའི་སྙིང་པོའི་སྤྲུལ་སྐུ་བྱ་མང་པོ་བ་དཔལ་ལྡན་རྒྱལ་མཚན་གྱིས་ལྷ་མཚོ་ནས་སྤྱན་དྲངས་པའི་ཕྱག་རྡོར་གསང་སྒྲུབ་ལྷ་བཅུ་གཅིག་གི་རྗེས་གནང་མན་ངག་དང་བཅས་པ་དང༌། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་སྤྲུལ་སྐུ་རྡོ་རྗེ་གླིང་པས་སྤ་གྲོ་སྟག་ཚང་ནས་སྤྱན་དྲངས་པའི་གུ་རུ་དྲག་དམར་ལྷ་ལྔའི་དབང༌། ཐེམས་བྱང་ལོ་རྒྱུས་སོགས་མན་ངག་མ་ཚང་བ་མེད་པ། མེ་ཚོར་ནས་སྤྱན་དྲངས་པའི་རྡོར་སེམས་སྙིང་ཏིག་གི་དབང༌། དེའི་མྱོང་ཁྲིད། རྒྱུད་དང་མན་ངག་རྫོགས་པ་བཀའ་སྲུང་དང་བཅས་པ། ཨུམ་སྟེང་མཚོ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དྲུག་གི་དབང་བཞི། གཏོར་དབང༌། ཚེ་དབང༌། ཐུགས་ཁྲིད་ཀྱི་སྨྱོང་ཁྲིད། ཡི་གེ་མ་ཚང་བ་མེད་པའི་ལུང༌། གནམ་ཐང་བླང་བྲག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ངན་སོང་