R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣༨
[A:༢༣༨]ཀུན་སྐྱོབ་ལྷ་བརྒྱ་རྩ་བརྒྱད་ཀྱི་དབང་བཞི། ཀ་དག་རིག་པའི་རྩལ་དབང༌། ཐོད་རྒལ་གྱི་དབང༌། གཏོར་དབང༌། ཡི་གེ་མ་ལུས་པའི་ལུང༌། གཞན་སྟོན་བཀའ་གཏད་ཀྱི་དབང་དང་བཅས་པ། རྣམ་སྲས་དམར་པོ་ལྷ་ལྔའི་རྗེས་གནང་མན་ངག་དང་བཅས་པ་དང༌། དེ་ཉིད་ཀྱི་སྐྱེ་བ་ཀུན་སྐྱོང་གླིང་པས་སྤྱན་དྲངས་པའི་བླ་མ་དྲག་པོའི་དབང་མན་ངག་དང་བཅས་པ་ཐོབ་ལ། ཆོས་རྒྱལ་རིན་ཆེན་གླིང་པས་འབྲི་ལྡང་ཀོ་རོ་བྲག་ནས་སྤྱན་དྲངས་པའི་གུ་རུ་དྲག་དམར་ལྷ་ལྔའི་དབང༌། རྩ་བ། སྡོང་པོ། ཡལ་གའི་མན་ངག་རྫོགས་པའི་ལུང༌། ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་དབང༌། ནཱ་ག་རཀྴའི་རྗེས་གནང་མན་ངག་དུ་མ་དང་བཅས་པ། ཞིང་སྐྱོང་སེང་གེའི་གདོང་ཅན་གྱི་རྗེས་གནང་མན་ངག་དང་བཅས་པ་དང༌། ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བ་སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེས་དང་ལུང་ཕྲ་མོ་བྲག་ནས་སྤྱན་དྲངས་པའི་ཟབ་ཆོས་མཁའ་འགྲོ་སྙིང་ཏིག་གི་ཉམས་ཁྲིད། སྨིན་བྱེད་རྒྱལ་བ་རིགས་ལྔའི་དབང་བཞི། ཁྱད་པར་དབང་ལྔ། ཡི་གེ་མཐའ་དག་གི་ལུང༌། དཔལ་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་ལྷ་ཉི་ཤུའི་དབང༌། རྒྱུད་དང༌། ཕྱི་ནང་གསང་བའི་མན་ངག་དུ་མའི་ལུང༌། མཁའ་འགྲོ་ཡིད་བཞིན་ནོར་བུའི་དབང་མན་ངག་དང་བཅས་པ། བཀའ་སྲུང་གཟའ་བདུད་ཆེན་པོའི་དབང་མན་ངག་དང་བཅས་པ། ཞིང་སྐྱོང་ག་ཡ་དྷ་རའི་སྲོག་དབང༌། རྒྱུད་དང་མན་ངག་མ་ཚང་བ་མེད་པའི་ལུང༌། དེ་ཉིད་ཀྱི་སྐྱེ་བ་མཁས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་མཁའ་འགྲོའི་ཡང་ཏིག་གི་དབང་དྲུག་ཤོག་སེར། ཤོག་འདྲ་ཤོག་སྐྱའི་སྐོར་ཤིན་ཏུ་ཚང་བ་དང༌། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་མྱོང་ཁྲིད། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་ཀྱི་དབང༌། ཡི་གེ་མ་ཚང་བ་མེད་པའི་ལུང༌། བཀའ་སྲུང་ཨེ་ཀ་