R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣༩
[A:༢༣༩]ཛ་ཊིའི་རྗེས་གནང་རྣམས་ཐོབ། རྒྱལ་སྲས་སད་ན་ལེགས་ཀྱི་སྐྱེ་བ་སྤྲུལ་སྐུ་སངས་རྒྱས་གླིང་པས་སྤུ་རི་ཕུག་མོ་ཆེ་ནས་སྤྱན་དྲངས་པའི་བླ་མ་དགོངས་པ་འདུས་པའི་སྐོར་ལ། པདྨ་བཛྲ་རྩལ་ལྷ་ཉིས་བརྒྱ་དོན་བདུན་གྱི་དཀྱིལ་འཁོར་དུ་དོན་དབང་བསྡུས་པ་བདུད་རྩིའི་ཐིག་པ། གཏོར་མ་བརྡ་དབང༌། པོ་ཏི་ལུང་དབང་རྣམས་ཞུས་ནས། གཏེར་འབྱུང་ལོ་རྒྱུས། སྤྱི་རྒྱུད་པད་སྡོང་བརྩེགས་པ་སོགས་སྐྱེད་རིམ་གྱི་སྐོར་ཕལ་ཆེར་རྫོགས་པ། རྫོགས་རིམ་རྫོགས་ཆེན་སྙིང་པོ་གསེར་གྱི་ཡང་ཞུན་ཡོངས་སུ་རྫོགས་པ། རྟ་ཕག་མཁའ་འགྲོ་རྒྱ་མཚོའི་དབང༌། མཁའ་འགྲོའི་སྒྲུབ་སྐོར་མ་ཚང་བ་མེད་པ། ཚེ་སྒྲུབ་བདུད་རྩི་སྙིང་པོའི་ཡང་ཞུན་གྱི་དབང༌། བློ་འཕེལ་ཤེས་རབ་རལ་གྲིའི་རྗེས་གནང༌། བཀའ་སྲུང་རྟ་ནག་དྲེགས་པ་བརྒྱད་སྐོར་གྱི་སྲོག་དབང་རྩ་བ་ཡན་ལག་གི་མན་ངག་མ་ཚང་བ་མེད་པ། གཤིན་རྗེ་སྦ་དོང་ནས་སྤྱན་དྲངས་པའི་འཇམ་དཔལ་དཀར་པོ་ཞི་བ་བློའི་མུན་སེལ་ལྷ་ལྔའི་རྗེས་གནང༌། དམར་པོ་ལོངས་སྤྱོད་ཚེ་འཕེལ་ལྷ་དགུའི་ཚེ་དབང༌། ནག་པོ་བསྲུང་བཟློག་ཐུགས་ཀྱི་ཚལ་པ་ལྷ་ལྔའི་དབང༌། རྒྱུད་དང་མན་ངག་མ་ལུས་པའི་ལུང༌། ཙ་རི་སྒོ་སྲུང་རྟ་མགྲིན་མགུལ་ནས་སྤྱན་དྲངས་པའི་རྟ་ནག་དྲེགས་པ་ལྷ་གསུམ་གྱི་རྗེས་གནང་དང་མན་ངག་གི་ལུང༌། དགྱེར་བྱེ་མ་དཀར་པོ་ནས་སྤྱན་དྲངས་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དབང་མན་ངག་དང་བཅས་པ་ནོས། ལྕོག་རོ་ཀླུའི་རྒྱལ་མཚན་གྱི་སྐྱེ་བ་ཀརྨ་གླིང་པས་སྒམ་པོ་བརྡར་གྱི་རི་ནས་སྤྱན་དྲངས་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་འགྲོ་དྲུག་རང་གྲོལ་དང༌། དབང་བཞི་ཚར་ཚད་རང་གྲོལ་དེའི་ཉམས་ཁྲིད། བར་དོ་དྲུག་གི་ཁྲིད་ཡིག་སོགས་ཡི་གེ་ཇི་