R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣
[A:༢༣]དང་དུས་ཁྱད་པར་བའི་མཆོད་གཏོར་མང་དུ་མཛད། བྱིན་རླབས་ཀྱི་མཚན་མ་མངོན་གྱུར་བ་བསམ་གྱིས་མི་ཁྱབ་པ་མངའ། མཐར་དགུང་ལོ་དོན་གཉིས་བཞེས་པ་ན་སྙུང་བའི་རྣམ་པ་ཙམ་ཡང་མེད་པར། མཁན་ཆེན་ཐམས་ཅད་མཁྱེན་པ་སྤྱན་དྲངས་ནས་མཉེས་མཉེས་ཀྱི་ཞལ་ཏ་མང་པོ་ཞུས། རྫོང་དགོས་ཐམས་ཅད་ནི་བརྫངས་ཚར། འཚོག་འོས་ཐམས་ཅད་ནི་འཚོགས། བླ་མ་འདི་ལྟ་བུ་སྔས་མགོར་ཕེབས། སེམས་ལ་འཕྲེང་དགོས་པ་དང༌། ཡིད་ཐེང་པ་གཅིག་ཀྱང་མེད། ང་ལས་སྐྱིད་པ་སུ་ཡོད་ཅེས་དང༌། བར་དོའི་འཕྲང་ལ་ཡང་ཧཱུྃ་སྒྲ་དི་རི་བ་འདི་ག་ལ་འགྲོ་བ་ཡིན་གསུང་པ་སོགས་དགའ་སྤྲོ་དང་བཅས་བཞིན་དུ་ཚེས་བརྒྱད་ཀྱི་ཐོ་རངས་ཞི་བར་གཤེགས་ཤིང༌། དབུ་ཐོད་སོར་བཞི་ཙམ་གསལ་པོར་འཕགས། འཇའ་འོད་དང་མེ་ཏོག་གི་ཆར་ལ་སོགས་པས་རྟོག་གེ་པ་རྒན་པོ་མངོན་པའི་ང་རྒྱལ་ཅན་ཁ་ཅིག་ཀྱང་མི་ཕྱེད་པའི་དད་པ་ལ་འགོད་པ་སོགས་ངོ་མཚར་བའི་ལྟས་དུ་མ་ཞིག་བསྟན་ནས། ནུབ་ཕྱོགས་ཨྱོན་ཆོས་ཀྱི་ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་ཆེན་པོར་བྱོན་པའི་ལྟས་དུ་མ་ཞིག་བྱུང་བ་ཡིན་ནོ། །ཨྱོན་ཆོས་ཀྱི་རྒྱལ་པོའི་སྐུ་དྲིན་གྱིས། །ཇི་ལྟར་བྱས་ཀྱང་བདེ་བ་ཡིན་ནོ་ཞེས། །སླུ་མེད་གཏམ་གྱིས་གད་བརྒྱངས་ལན་གྲངས་བརྒྱར། །བསྒྲགས་ནས་ཨྱོན་སྤྲུལ་སྐུའི་ཞིང་དུ་བྱོན། །གསར་རྙིང་ཆོས་ལ་ཟབ་ཁྱད་འགའ་མེད་ཀྱང༌། །གསར་འགྲོག་ཆོས་པས་རྙིང་མར་སྨོད་བྱེད་པའི། །གསར་མར་རློམ་པའི་ཁེངས་ལྡན་མང་པོ་ཞིག །གསར་དུ་དད་གུས་བ་སྤུ་ལངས་པ་མཐོང༌། །དམ་པ་ཁྱེད་གཉིས་