R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༢
[A:༢༢]དབང་ཕྱུག་ཏུ་གྱུར་པ་དེའི་ལྕམ་སྲིང་མ་བྱང་སེམས་བུ་ཁྲིད་མར་གྲགས་པ་ཁབ་ཏུ་བཞེས་པའི་སྲས་ཀྱི་ཐུ་བོ་ནམ་མཁའ་རྒྱལ་བ་འཇིག་རྟེན་སྙིང་པོ་མེད་པའི་རང་ཞལ་གཟིགས་ནས། རྗེ་བཙུན་ལྕེ་སྟོན་པཎ་ཆེན་ལས་དགེ་བསྙེན་མཛད། ཕྱིས་སུ་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞབས་དྲུང་དུ་རབ་ཏུ་བྱུང་ཞིང་མཚན་རིག་འཛིན་རྡོ་རྗེ་བདུད་འདུལ་དུ་གྲགས་བ་དེའང་ཐུགས་རབ་ཆེ་ཞིང་ཐུགས་གསལ་བ། གོང་དུ་སྨོས་པའི་དམ་པ་དེ་དག་ཕལ་ཆེར་དང༌། སྤྲུལ་སྐུ་ཤཱཀྱ་བཟང་པོ། རིག་འཛིན་ཆེན་པོ་ཚེ་བདག་རྣམ་རྒྱལ། གནུབས་ཆེན་རིན་ཆེན་དཔལ་བཟང༌། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་མངའ་རིས་རིག་འཛིན་ཆེན་པོ། རྗེ་ཀུན་བཟང་མཐུ་སྟོབས། གྲུབ་མཆོག་མཆོག་ལེགས་རྡོ་རྗེ། བླ་མ་རིན་པོ་ཆེ། དགེ་སློང་ཆེན་པོ་སོགས་དམ་པ་དུ་མའི་ཞབས་ལ་གཏུགས། སྤྱིར་ས་ཀར་རྙིང་གསུམ་དུ་གྲགས་པའི་གདམས་པ་དུ་མ་གསན། ཁྱད་པར་གསང་སྔགས་སྔ་འགྱུར་གྱི་ཆོས་མང་དུ་གསན་ཞིང་སྦྱངས། གཙོ་བོར་མཁན་ཆེན་ཐམས་ཅད་མཁྱེན་པའི་དྲུང་དུ་ཐུགས་སྒྲུབ་མཐིང་ཁའི་དབང་ལུང་རྫོགས་པར་གསན་ཅིང༌། དུས་དང་རྒྱུན་གྱི་བསྙེན་པ་བསམ་གྱིས་མི་ཁྱབ་པ་མཛད་ཅིང༌། དཔལ་འཁོར་ལོ་སྡོམ་པ་གཤེད་དམར་ལྷ་ལྔ། རྡོ་རྗེ་གཞོན་ནུ་ས་ལུགས། གུ་རུ་དྲག་དམར། ཐུགས་སྒྲུབ་ཡང་སྙིང་འདུས་པ། ཕྱག་རྡོར་མདོ་ལུགས། ཕྱག་རྡོར་འཁོར་ཅན། འཆི་མེད་འོད་སྣང༌། སྒྲོལ་དཀར་སོགས་ཡི་དམ་དུ་མའི་བསྐྱེད་རྫོགས་བཟླས་པར་བཅས་པ་དང༌། མཁའ་འགྲོ་ཆོས་སྐྱོང་རྣམས་ལའང་གཏོར་བསྔོས་ཚར་གཉིས་མ་སོགས་རྒྱུན་