R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤༠
[A:༢༤༠]སྙེད་པའི་ལུང༌། ལང་འགྲོ་ལོ་ཙཱ་བ་ཆེན་པོའི་སྐྱེ་མཐའ་སྤྲུལ་སྐུ་རཏྣ་གླིང་པས་བྲག་དམར་རི་མོ་ཅན་ནས་སྤྱན་དྲངས་པའི་གྷུ་རུའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་བཞི་ཡོངས་སུ་རྫོགས་པ། གཏོར་དབང་ཡིད་བཞིན་ནོར་བུ། གདམས་གཏད་ཀྱི་དབང༌། གསང་ཁྲིད་རིམ་ལྔའི་ཉམས་ཁྲིད། སྒྲུབ་པ་སྒྲུབ་ཆེན། ཁ་སྐོང་དང་བཅས་པའི་ཡི་གེ་མ་ཚང་བ་མེད་པའི་ལུང༌། ལྷོ་བྲག་མཁར་ཆུ་གསང་ཕུག་ནས་སྤྱན་དྲངས་པའི་གྷུ་རུ་དྲག་པོ་དམར་པོའི་དབང་རྒྱས་པ་དྲེགས་པའི་སྲོག་ཐིག་དམར་ནག །དབང་གོང་མ་འབྲིང་པོའི་དོན་དབང་ནོར་བུ་ལུགས། བསྡུས་པ་གཏོར་དབང་བྱིན་རླབས་སྤྲིན་ཕུང༌། ཐུགས་ཁྲིད་ཀྱི་ཉམས་ཁྲིད་མན་ངག་ཡོངས་སུ་རྫོགས་པའི་ལུང༌། ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་དབང་རྒྱས་པ་དང༌། ཚེ་དབང་གཡང་ཞག་འཁྱིལ་བ་ཡི་གེ་འགའ་ཞིག་གི་ལུང་དང་བཅས་པ། ཀློང་གསལ་གྱི་ཚེ་སྒྲུབ་བཀའ་རྒྱ་མ་རྣམས་ཐོས་ལ། ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་རིག་འཛིན་ཆེན་པོ་པདྨ་གླིང་པས་སྨན་མདོ་ནས་སྤྱན་དྲངས་པའི་བླ་མ་ནོར་བུ་རྒྱ་མཚོའི་སྐོར་ལ་སྟ་གོན་དབང་ཆོག་རྡོ་རྗེའི་གོ་ཁྲབ། རྣམ་འཇོམས་དཀར་པོ་ལྷ་བཅོ་ལྔའི་དབང༌། རྩ་བའི་དབང་རྫོང་ཆེན་དབང་གི་ཕྲེང་བ། བླ་མ་གསང་འདུས་ཀྱི་དབང༌། གཏོར་དབང་རབ་འབྱམས་བཀའ་དབང༌། གྷུ་རུ་སྐུ་ལྔའི་ཚེ་དབང༌། དབང་ནོར་བུ་སྒྲོན་གསལ། གཤིན་རྗེ་ཡང་གསང་བླ་མེད་ལྷ་ལྔ། ཕྱག་རྡོར་ཡང་གསང་བླ་མེད་ལྷ་གསུམ་སྟེ་ཅིག །ཕག་མོ་ཡང་གསང་བླ་མེད་ལྷ་སོ་གསུམ། དྲག་པོ་ཡང་གསང་བླ་མེད་ལྷ་ལྔ། རྟ་མགྲིན་ཡང་གསང་བླ་མེད་ལྷ་བཅུ་གསུམ༌། རྟ་ནག་དྲེགས་པ་སྲོག་འཕྲོག་ལྷ་