R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤༡
[A:༢༤༡]ལྔ་རྣམས་ཀྱི་དབང༌། ཐུགས་ཁྲིད། ཡི་གེ་རབ་ཏུ་མང་པོའི་ལུང༌། ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་དབང༌། ཚེའི་ཉམས་ཁྲིད། རྒྱུད་དང་མན་ངག་མ་ཚང་བ་མེད་པ། གྷུ་རུ་དྲག་པོ་དམར་ཆེན་ཞལ་གསུམ་ཕྱག་དྲུག་པའི་དབང༌། ཡི་གེ་མ་བུ་ཚང་བའི་ལུང༌། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མའི་དབང༌། དེའི་ཉམས་ཁྲིད། རྒྱུད་དང་མན་ངག་ཡོངས་སུ་རྫོགས་པ། རྡོ་རྗེ་ཕུར་པ་སྤུ་གྲི་འབར་བའི་དབང༌། རྒྱུད་དང་མན་ངག་ཡོངས་སུ་རྫོགས་པའི་ལུང༌། རྣམ་ཐོས་སྲས་དམར་པོའི་རྗེས་གནང་མན་ངག་དང་བཅས་པ། མགོན་པོ་སྡེ་བརྒྱད་ཀྱི་རྗེས་གནང༌། ཚལ་བྲག་ཕྲ་རིངས་ནས་སྤྱན་དྲངས་པའི་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་ལྷ་ཉེར་གཅིག་གི་དབང༌། རྒྱུད་དང་མན་ངག་མ་ཚང་བ་མེད་པ། བསམ་ཡས་མཆོད་རྟེན་དཀར་པོ་ནས་སྤྱན་དྲངས་པའི་རང་བཞིན་རྫོགས་པ་ཆེན་པོ་དགོངས་པ་ཀུན་འདུས་ཀྱི་དབང་ནོར་བུའི་སྒྲོན་མ། ཞི་ཁྲོའི་དབང་རྟགས་གྲོལ་གྱི་དབང༌། དེའི་ཉམས་ཁྲིད། ཡི་གེ་ཡོངས་སུ་རྫོགས་པའི་ལུང༌། རིག་འཛིན་རྒོད་ལྡེམ་པའི་སྤྲུལ་སྐུ་འཇམ་དབྱངས་བླ་མས་སྒྲོལ་བྱེད་ནག་པོའི་ཁ་ནས་སྤྱན་དྲངས་པའི་རྩ་གསུམ་གྱི་དབང་ཡི་གེ་མ་ལུས་པའི་ལུང༌། རིག་འཛིན་གསུང་སྤྲུལ་མངའ་རིས་ཆོས་ཀྱི་རྒྱལ་པོས་བསམ་ཡས་རྣམ་སྣང་ཐུགས་སྒྲོམ་ནས་སྤྱན་དྲངས་པའི་བཀའ་བརྒྱད་ཡོངས་འདུས་ལས། གྷུ་རུ་ཞི་བའི་རྩ་དབང་རྣམ་པ་ཉི་ཤུས་བྱང་ཆུབ་པ། སྒྲུབ་དབང་རྒྱས་པ། བླ་མ་དྲག་པོ་དབུ་དགུ་ཕྱག་བཅོ་བརྒྱད་པའི་དབང་བསྡུས་པ། རྩ་བའི་དབང་བཞི་བདེ་ཆེན་རོལ་པ། སྒྲུབ་དབང་རྒྱས་པ། ཕན་བདེའི་དབང༌། ནུས་པའི་དབང༌། རབ་འབྱམས་