R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤༢
[A:༢༤༢]བཀའི་དབང༌། རིགས་བརྒྱུད་སྤེལ་བའི་དབང༌། གོང་མ་བཞི། ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གི་དབང་རྒྱས་པ། ཚེ་སྒྲུབ་ཕྱི་ནང་ཡོངས་རྫོགས་ཀྱི་དབང༌། འཇམ་དཔལ་ཚེ་བདག་ཟིལ་གནོན་ཆེན་པོ་འོད་ཀྱི་ཐིག་ལེའི་དབང༌། འཕགས་པ་མི་གཡོ་བའི་དབང༌། ཁྱུང་ཆེན་གསང་བ་ཡང་ཏིག་གི་དབང༌། སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པའི་རྣམ་པ་བཅུ་གཉིས་ཀྱིས་བྱང་ཆུབ་པའི་དབང༌། ཐུགས་གཏེར་ནས་བྱོན་པའི་གྷུ་རུ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཞི་བཅུ་རྩ་གཅིག་གི་དབང་བཞི། གཏོར་དབང་རྣམས་ཞུས་ནས་དེ་དག་གི་ཡི་གེ་ཤོག་སེར་ནས་ཇི་སྙེད་འགྱུར་པ་མ་ལུས་པའི་ལུང༌། ཀུན་བཟང་སྙིང་ཏིག་གི་ཉམས་ཁྲིད། ཞི་ཁྲོ་དམ་པ་རིགས་བརྒྱའི་དབང༌། པདྨ་སྙིང་ཏིག་དབང་བཞི་ཡེ་ཤེས་ལྔ་རྫོགས་སོགས་ཐོར་བུ་དུ་མའི་ལུང༌། གཞན་ཡང་འོད་གསལ་སྒྲོན་མ་དྲུག་པའི་དབང༌། ཉམས་ཁྲིད། ཟབ་མོ་རྒྱུད་ལྔ་ཆ་ལག་དང་བཅས་པའི་ལུང༌། སྤྲུལ་སྐུ་གྲྭ་པ་མངོན་ཤེས་ཀྱི་གདམས་པ་ཛཾ་བྷ་ལ་དམར་པོ་དང༌། གནོད་སྦྱིན་ཞང་བློན་ཕྱི་གྲུབ་བེར་ནག་ཅན་ལྷ་ལྔའི་རྗེས་གནང༌། གཏེར་སྟོན་སྟ་སྡེ་ཧཱུཾ་འབར་གྱི་མན་ངག་དྲག་སྔགས་མོན་པ་ཀེ་ཏའི་རྗེས་གནང་མན་ངག་བཅས་པ། རོང་ཟོམ་ཆོས་ཀྱི་བཟང་པོའི་གཏེར་མ་མཁའ་འགྲོ་རིག་བྱེད་རྩལ་གྱི་རྗེས་གནང་མན་ངག་གི་ལུང༌། རྒྱུད་མགོན་ལེགས་ལྡན་ནག་པོའི་རྗེས་གནང༌། མདོ་མགོན་ལྗང་སྔོན་དྲག་པོའི་དབང་བཞི་ཡོངས་སུ་རྫོགས་པ། དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད། དཀྱིལ་འཁོར་བདུན་སོགས་མན་ངག་མཐའ་ཡས་པའི་ལུང་རྣམས་ཐོས་ཏེ། དེ་ལྟར་ན། འབད་པ་ཆེན་པོས་བླ་མ་དམ་པ་རྣམས་མཉེས་པར་