R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤༧
[A:༢༤༧]གསུམ་མ་བརྒྱ་ཚར་ལྔ། རོ་ལངས་བརྒྱད་བསྐོར་བརྒྱ་ཚར་གཅིག །ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་བརྒྱ་དང་ལྔ་བཅུ་རྩ་ལྔ། ཕག་མོ་ཞལ་གཉིས་མ་བརྒྱ་དྲུག་ཅུ། ཚེ་དཔག་མེད་ཛེ་ཏཱ་རི་ཉིས་བརྒྱ་དང་བཞི་བཅུ་རྩ་གྲངས། འོད་ཟེར་ཅན་ལྷ་ལྔ་ཉིས་བརྒྱ་ལྔ་བཅུ་རྩ་བརྒྱད། ཀུན་རིག་བརྒྱ་དང་བདུན་ཅུ། གཞན་ཡང་མཁའ་འགྲོ་རྒྱ་མཚོ་བདེ་མཆོག་ནག་པོ་པ། སྦྱངས་པའི་ཡོན་ཏན། དྲིལ་བུ་ལྷ་ལྔ། བོང་ཞལ་ཅན། མེ་ཏྲི་བཅུ་གསུམ་མ། གསང་འདུས་འཇམ་རྡོར། གུར་རིགས་བསྡུས། བདག་མེད་ལྷ་མོ་བཅོ་ལྔ། གཤེད་དམར་ལྷ་ལྔ། སྒྲོལ་མ་ཕྱི་ནང༌། བདེ་ཆེན་རལ་གཅིག །ནཱ་རོ་མཁའ་སྤྱོད། གཏུམ་ཆེན། མི་གཡོ་བླ་མེད། ས་ཕུར། པདྨ་དྲ་བ། ཚེ་དཔག་མེད་སོ་བདུན་མ། གཟུངས་གྲ་ལྔ། རྡོ་རྗེ་མི་འཁྲུགས་པ་ལྷ་དགུ་རྣམས་ལ་བདག་འཇུག་མང་དུ་སོང་ནའང་བརྒྱ་ཅུང་མ་ལོངས་པ་འདུག །རྙིང་མའི་ཕྱོགས་ལ་གུ་རུ་དྲག་དམར་ཉང་ལུགས་བདག་འཇུག་བརྒྱ་ལྔ་བཅུ་བགྲངས་པ་དང༌། བྱང་གཏེར་ཐུགས་སྒྲུབ་མཐིང་ཁའི་བདག་འཇུག་བརྒྱ་དང་དྲུག་ཅུ་བགྲངས་པ། གཞན་ཡང་བཀའ་བརྒྱད་གསུམ། རིག་འཛིན་གདུང་སྒྲུབ། པདྨ་དབང་ཆེན་ཡང་གསང་ཁྲོས་པ་རྣམས་ལའང་བདག་འཇུག་མང་པོ་སོང་ཞིང༌། ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་བདག་འཇུག་བརྒྱ་རྩ་ཙམ་ཡང་སོང༌། མདོས་དང་གཏོར་མ་བསྐང་གསོ་ཚོགས་ཀྱི་འཁོར་ལོ་སོགས་ཀྱང་རེ་རེ་བཞིན་ནས་སྔགས་པ་གཞན་གྱི་བཟླས་བརྗོད་ལས་ཉུང་རྒྱུ་མེད་ཙམ་དང༌། དེས་མཚོན་པའི་སྔགས་ཀྱི་བཟླས་པ་མང་པོ་ཞིག་སོང་ནའང༌། སེམས་གཞན་གཡེངས་པས་དོན་མེད་འགྱུར། །གསུངས་པ་དེ་ནི་བདེན་པར་གདའ་བས་ཏིང་ངེ་