R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤༨
[A:༢༤༨]འཛིན་གྱི་སྟོབས་ཞན་པས་ཞལ་མཐོང་གསུང་ཐོས་ཀྱི་གྲུབ་རྟགས་ནི་སྣ་གཅིག་ཏུ་ལོངས་པའང་མི་བདོག་མོད། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་པས་ཕན་ཡོན་དང་བྱིན་རླབས་རིམ་གྱིས་འབྱུང་ངེས་པ་ཡིན་ཅིང༌། དངོས་དང་བརྒྱུད་ནས་གཞན་ལ་ཕན་པ་དུ་མ་ཞིག་བྱུང་ཞིང་ད་དུང་རྒྱུན་མི་འཆད་པར་འབྱུང་བ་ཡིན་ནོ། །དེ་ལྟར་ན་རང་ཉིད་སྐྱེས་ནས་རང་ལོ་སུམ་ཅུ་རྩ་བརྒྱད་པ་ཡན་གྱི་རྟོགས་བརྗོད་ལྷུག་པར་བརྗོད་པ་འདི་ཉིད་འོ་ཡུག་སྡིངས་མ་དགོན་པའི་སློབ་དཔོན་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུར་ལེན་པའི་དཀོན་ཅོག་འབངས་པ་དང༌། དད་པ་དང་ཤེས་རབ་ཀྱིས་བརྒྱན་པའི་དབུ་མཛད་ཤེས་རབ་རྒྱ་མཚོ་ཞེས་བྱ་བས་ནན་ཏན་ཆེན་པོས་ལན་གཅིག་མ་ཡིན་པ་བསྐུལ་མོད། རང་ཉིད་ཀུན་སྤྱོད་དང་ཡོན་ཏན་གང་ཅི་མཐོང་བས་གསལ་བ་འདི་གར་འདུག་ལ། ཡོན་ཏན་གྱི་ཆ་ཤས་ཅུང་ཟད་རྣམས་བྲིས་ཀྱང༌། སྙིགས་དུས་ཀྱི་སྐྱེ་བོ་ཕྱོགས་ལྷུང་ཅན་ཁ་ཅིག་གིས་ལས་ངན་གསོག་པའི་རྒྱུ་ལས་གཞན་མི་འདུག་སྙམ་དུ་མ་བགྱིས་པས། ཁོང་དད་པ་ཅན་དེ་དག་རེ་བ་མ་རྫོགས་བཞིན་དུ་ཞི་བར་གཤེགས་པའི་ཐུགས་དགོངས་རྫོགས་པའི་ཐབས་དང༌། བར་དུ་དད་པ་དང་ལྡན་པ་མང་པོས་ཉེ་བར་བསྐུལ་བའང་དོན་ཡོད་པར་བྱ་བའི་སླད་དང་མཐར་དབེན་ཤྲི་བྱང་ཆུབ་སེམས་དཔའ་རྒྱལ་བ་བཟང་པོའི་གདུང་བརྒྱུད་རྣམ་པར་དག་པར་སྐུ་འཁྲུངས་ཤིང༌། དད་པ་དང་མོས་གུས་སོགས་ཡོན་ཏན་དུ་མས་བརྒྱན་པའི་ལྕགས་སྟོད་ནས་ནང་སོ་ནམ་མཁའི་མཚན་ཅན་གྱིས་ནན་ཏན་ཆེན་པོས་ཉེ་བར་བསྐུལ་བའི་བཀའ་མ་ཆོགས་པར་མ་འོངས་པ་ན་ཇི་ལྟར་འབྱུང་ནི་སུ་ཞིག་གིས་ཤེས་པར་ནུས་འདས་པའི་དུས་འདི་དང་འདི་ཞེས་བྱ་བ་ཡིན་ནོ། །ཞེས་བླ་མ་