R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༣༧
[A:༣༧]ཁྱོད་གསང་སྔགས་རྒྱ་མཚོ་ལྟ་བུའི་མཐར་སོན་པ་ཞིག་བྱེད་དགོས། དེའང་ཆུང་དུས་ནས་བསླབས་པ་རང་ཁྱེ་ཆེ་བ་ཡིན། ཐོག་མར་ཚེའི་རྟེན་འབྲེལ་ཡིན་པས་འདི་བཞིན་གྱིས་གསུང༌། དཔལ་ལྡན་ས་སྐྱ་པའི་ཐུགས་དམ། དགུང་ལོ་བརྒྱ་ཉི་ཤུ་བཞུགས་པའི་གྲུབ་ཆེན་ཛེ་ཏཱ་རིས་བཀྲལ་བའི་ཚེ་དཔག་མེད་ལྷ་དགུའི་དབང་གནང་ནས། མཁས་པ་དཔལ་གྱི་ཡི་གེའི་སྟེང་ནས་ཕྱག་ཁྲིད་ཀྱང་ཞིབ་པར་མཛད་དེ། ཐོག་མར་སྙིང་པོ་ཉེ་སྙིང་བཞི་འབུམ་རེའི་བསྙེན་པ་བྱས་རྗེས་སྒྲུབ་མཆོད་བདག་འཇུག་དང་བཅས་པ་བརྒྱ་ཚར་གཅིག་བཏང༌། དེ་ནས་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་མངོན་དཀྱིལ་སེམས་དཔའ་ཆེན་པོས་མཛད་པ་ལ་ལུང་བཤད་ཕྱག་ཁྲིད་དང་བཅས་པ་གནང་སྟེ་ངག་ཐོག་ནས་སྒྲུབ་མཆོད་བདག་འཇུག་བརྒྱ་རྩ་བརྒྱད་ལེགས་པར་བསྒྲུབས། དེ་ཡན་ཆད་བོ་དོང་བླ་བྲང་ཁོ་ནར་བསྡད། དེའི་ཚེ་གཉེར་པ་སྦ་ཡུ་བ་ཟེར་བ་ཞིག་བདོག་པས། ང་དང་མོའི་ཕྱགས་ཕྱི་ཁམས་ཅན་ཡིན་བཟོ་ཉེས་བི་ས་ཆང་ཆུང་ལ་རྩི་དགོས་པའི་ཚན་མིན་ཟེར། ཟླ་བོ་རྣམས་ཀྱི་མཆོར་གདན་སོགས་ཀྱང་མི་སྤྲོད་པའི་མགོ་ལ་འཇིགས་འཇིགས་ཁ་རེ་བྱས་བྱུང་བས་ཚིག་པ་ཟོས། ལྕགས་སྡེར་མཐེབ་སྒོར་ཙམ་ཞིག་ཡོད་པ་དེར་གཏོར་ཆུང་ཞིག་བཅས། གཏོར་བསྔོས་རྫོགས་པ་ནི་མི་ཤེས། ཡབ་སྐུ་མཆེད་ཀྱི་ཟླ་ལ་བསྡད་པས་ཐར་ཐོར་འདྲ་ཟིན་པ་ཚོ་གྱེར་བ་ན་ལིང་དང་བཅས་ཁོའི་ཁང་ཐོག་ལ་གཏོར་མ་འཕངས་པ་དེ་ཁོའི་ཆུང་མའི་མདུན་དུ་བབས་པས་ཟླ་བ་མ་འགྱངས་པར་གཞན་སུ་ལའང་མེད་པའི་མཁྲིས་རིམས་བརྒྱབ་ཤི་སོང་བ་ངའི་