R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༣༨
[A:༣༨]མཐུ་མིན་ནམ་སྟེ། བླ་ཆེན་དྲུང་ཕྱིས་སུའང་ཁྱོད་ཀྱིས་ཀླུ་བདུད་འདི་ལ་ཐུགས་དམ་རེ་བྱས་ན་རྟགས་རེ་ཡོང་གི་འདུག་སྟེ་ཀ་གསུང་བ་ཞིག་བྱུང༌། ལོ་བཅུ་ལ་ཁ་ལྟས་ཙ་ན་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་དཀྱིལ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པ་ལ་བསླབ་གཉེར་བྱས། ཞག་བཅུ་བཅུ་ན་རྒྱུགས་རེ་འབུལ་གྱི་ཡོད་པ་ལ། ཐེངས་ཤིག་རྩེད་མོས་གཡེངས་ནས་ཞག་གཅིག་གི་རྒྱ་འཛིན་པ་མ་བྱུང་བར་ལྟག་སློག་བྱས་རྒྱུགས་བྱང་བར་ཕུལ་བས། དེ་སྐབས་ནི་མ་དགོངས་པ་སྐད་མཛད། ཁྱེད་ཤེས་རབ་ཆེའི་གདའ་གསུང་པ་ལས་གཞན་མི་གསུང༌། ཞག་འགའ་ནས་ཀ་ལི་དང་སྤེལ་བའི་གདམས་པའི་མཐར། སེམས་གཞན་ཡེངས་པའི་འདོན་པ་དང༌། །ལྟག་སློག་མཁས་པའི་རྒྱུགས་སྤྲོད་དང༌། །ཟིན་ཀྱང་བརྗེད་དུ་འཇུག་པ་གསུམ། །དགོས་མེད་ཡིན་པས་སྤང་བ་གཅེས། །ཞེས་པ་གནང་བྱུང་བས། ངོ་ཚ་ཞིང་སྐྲག་ལ་ཤིན་ཏུ་འཇིགས་པ་ཞིག་བྱུང་ནས། མཆི་མ་མང་པོ་ཤོར། དགོས་མེད་ཀྱི་དྲན་རྒྱུ་ཆུང་དུ་སོང་བས་འདི་གཅིག་པུའི་སྐུ་དྲིན་ལའང་ཁྱེར་ཐབས་མི་གདའ། མདོར་ན་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དཔག་བསམ་སྙེ་མ་བདག་འཇུག་བདུད་རྩིའི་རོལ་མཚོ་དང་བཅས་པ་མཆོད་བརྗོད་ནས། ཤུབྷཾ་གྱི་བར་ནག་འབྱམས་སུ་ཟླ་བ་གཅིག་ལ་ཟིན་པས་དགྱེས་ཚོར་ཅི་ཡང་མཛད། གསོལ་ཇ་གནང་སྦྱིན་དང་བཅས་པའང་སྩལ། ཁྱེད་བྱས་ན་ཡོང་བ་ཞིག་གདའ་སྟེ་གསུང་བ་ད་ལྟའི་བ་མ་གླང་འདི་ཡོང་བ་དགོངས་པའི་གསུང་དུ་གདའ། ཐེངས་ཤིག་གོས་ཆེན་དམར་པོ་ཆུང་ངུ་ཞིག་སྤེན་རྐང་བཞི་ལ་བཏགས་ནས་བདག་གི་ཞྭ་མོའི་རྩེ་ལ་ཕྱག་ལ་བདར་ནས་བཙུགས་ཏེ། བསྟན་པའི་རྒྱལ་མཚན་