R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༤༦
[A:༤༦]ཏེ་རྨི་ལམ་བཟང་བ་རེ་ཙམ་ལས་མཐོང་བའི་གྲབས་ཀྱང་མ་བྱུང་སྟེ། ད་བསམས་དུས་སངས་རྒྱས་མཐོང་བ་ལ་ཐ་ནའང་ས་དང་པོ་ཙམ་ཐོབ་དགོས་པ་འདུག་པས་སྔར་མཐོང་རྒྱུ་མ་བྱུང་བ་འོས་ཆོད། ད་དུང་མཐོང་མཐོང་ལ་ཐག་རྒྱང་ཆེན་རྒྱང་པ་ཡོད་ངེས་སུ་གདའ་འོ། །འོན་ཀྱང་འདྲེ་མཐོང་བ་ཁ་ཅིག་ངས་མགོན་པོ་མཐོང༌། ལྷ་མོ་མཐོང་ཟེར་བྲེད་བྲེད་མང་པོ་བྱས་ཡོང་གི་འདུག་པ་བདེན་བསམ་པ་ནི་མི་གདའ། བདེན་ན་ནི་སྔགས་བགྲངས་པ་ལས་ཟོག་ཆེ་བ་ངོས་བྱིན་རླབས་མྱུར་བ་ཨེ་ཡིན་ཏེ། ཕལ་ཆེར་དེ་དག་གིས་མགོན་པོ་མཐོང་ན་བྱ་རོག་དང་འུག་པ་དགའ་མགུར་རོལ་བར་ངེས་སོ། །རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་ནས། །རྒྱལ་བའི་བསྟན་སྲུང་དབང་པོར་སྐུར་བཞེངས་པ། །རྒྱལ་བ་ཁྱབ་བདག་རྡོ་རྗེ་ནག་པོ་ཆེ། །རྒྱལ་བ་ཐུགས་རྗེ་ཅན་དེ་ཁོ་བོས་བསྒྲུབས། །རྟོག་བཏགས་རང་བཟོའི་རླུང་གིས་མ་བསྐྱོད་པའི། །སྙན་བརྒྱུད་ཞལ་དྲོད་མ་ཉམས་གདམས་པའི་སྤྲིན། །བྱིན་རླབས་ཆུ་ཁུར་ལྕི་ལྡན་འཁྲིགས་པའི་ཚེ། །དངོས་གྲུབ་ཆར་རྒྱུན་འབབས་ལས་འོས་ཅི་ཡོད། །དྲག་སྔགས་དབྱར་གྱི་རྔ་གསང་སྒྲགས་པའི་ཚེ། །བདུད་བགེགས་བྱ་དཀར་སྐྲག་ནས་ག་ཤེད་སོང༌། །ནུས་མཐུའི་རྨ་བྱ་དགའ་བས་གར་བྱེད་པ། །འདི་ཀོ་དངོས་པོའི་གནས་ལུགས་མ་ཡིན་ནམ། །བསྙེན་པ་གེགས་མེད་དུ་མཐར་ཕྱིན། ཡུམ་རྒན་མོ་སྐུ་དྲིན་ཅན་དེས། སྐེག་ལས་ཐར་བའི་གཏང་རག་གྱིས་གསུང༌། ནས་ཁལ་བརྒྱས་གཙོས་པའི་གནང་བྱིན་དང་ཚོགས་འཁོར་ཀྱང་བཟབས་པོ་གནང༌། གཏང་རག་གི་གཏོར་སྒྲུབ་ཀྱང་བཟབས་