R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༤༧
[A:༤༧]བཟབས་དཔེ་མེད་བྱས་ཏེ་མཚམས་གྲོལ། ལོ་བཅུ་བཞི་ལོན་པའི་དཔྱིད་ཀ་དེ་འོད་ཟེར་ཅན་ལྷ་ལྔ་ལ་གཙོ་འབུམ་འཁོར་ཁྲི་བཞི་གྱུར་གྱི་བསྙེན་པ་ཞིག་བྱས། ལོ་དེའི་སྟོན་སློབ་དཔོན་པདྨས་བདུད་པོ་པྲ་མ་ར་ཛའི་སྤྲུལ་པ་བོད་ཀྱི་བདེ་སྐྱིད་འཇོམས་མཁན་གཅིག་ཏུ་ལུང་བསྟན་པའི་བོ་དོང་མཁན་པོ་ཤེར་རྒྱམ་པ་དང༌། གནས་གསར་བ་མ་འཆམ་པར་བུན་ནེ་བྱུང་བའི་བྱུས་རིམ་དུ་འོད་ཟེར་ཅན་ལྷ་ལྔའི་སྒྲུབ་མཆོད་བྱས་པའི་ཚར་ཉེར་ལྔ་སོང་བའི་ཚེ་དུང་ཆོས་ཀྱི་ཆུ་བླུག་པས་བུམ་ནང་གི་ཡེ་ཤེས་པ་གཤེགས་དམ་ཚིག་པ་འོད་དུ་ཞུ་བའི་ཆུས་བུམ་པ་གང་བར་གྱུར་ཞེས་བརྗོད་མ་ཐག་བུམ་ཆུ་ལུད་ནས་ཆི་ལི་ལི་བབས་ཤིང༌། ཁ་དང་མཆུ་གཉིས་ནས་བབས་པ་དེ་འདྲ་བའི་ངོ་མཚར་བྱུང༌། གཙོ་བོར་རྗེ་བླ་མའི་སྐུ་དྲིན་དང་ཡབ་སྲས་རྣམས་རང་གི་ནུས་པ་ལོས་ཡིན་མོད། ཁམ་མཆུ་ཡང་རྩེག་སྟེ་ལེགས། ལྷ་མོ་འོད་ཟེར་ཅན་འདི་ལ་གསོལ་བ་བཏབ་ན་མི་བསླུ་ངེས་པའི་ཐུགས་རྗེ་ཆེ་ལ་མྱུར་བ་ཞིག་གདའ། འགྲུབ་ངེས་ཤེས་པའི་དགེ་སྦྱོར་རྒྱང་བསྲིངས་ནས། །མི་འགྲུབ་ངེས་པའི་འཇིག་རྟེན་བན་ལིང་གིས། །གལ་ཆུང་ཆོས་ལ་བྱས་པས་བསླུས་པ་ལས། །ཚུལ་བཞིན་བསྒྲུབས་ཀྱང་སླུས་པ་སུ་ཡིས་ཐོས། །མ་བསྒྲུབས་འབྲས་བུ་འདོད་པའི་འདོད་ཅན་ཚོ། །ཅུང་ཟད་མནོ་བསམ་སློང་ལས་སྒྲུབ་པ་མཛོད། །རྒྱུ་མེད་འབྲས་བུ་འཚོལ་བའི་འགྱོགས་སྐོར་གྱིས། །ཡི་ཆད་ཐང་ལ་ཡུན་རིང་འཁྱམས་ཉེན་གདའ། །དེའི་སྟོན་དེ་ཚེ་སྔོན་མའི་ལན་ཆགས་འཇལ་མཁན་ཅིག་ཡིན་པ་འདྲ། ཁོ་རང་བློས་ལིངས་ཀྱིས་བཏབ་