R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༥༣
[A:༥༣]གི་ཐུན་མོང་གི་སྔོན་འགྲོ་རྣམས་ལ་བརྗེད་བྱང་ཆུང་ངུ་ཞིག་ཀྱང་བྱས། ལོ་བཅུ་དྲུག་ལོན་པའི་ཕག་ལོ་ཡང་གཙོ་བོར་སྒོམ་བྱེད་པའི་ལུགས་བྱས། གུར་གྱི་མགོན་པོའི་ཡི་གེ་བདུན་པ་འབྲུ་འབུམ་གཉིས་ཙམ་དང༌། དགྲ་ནག་ཞང་ལུགས་ཀྱི་དཀྱིལ་འཁོར་རྒྱས་པའི་ཐོག་ནས་ཧྲཱིཿཥྟྲཱི་གཙོ་འབུམ་འཁོར་ཁྲི་བཞི་འགྱུར་གྱི་གཉའ་མནན། དམག་ཟོར་རེ་མ་ཏཱིའི་བྷྱོ་རཀ་བཞི་འབུམ་གཅིག་བཟླས་པས། བསྙེན་རྟགས་ཟ་རེ་ཟི་རེ་དགོད་བྲོ་མོ་དེ་འདྲ་ཁ་རེ་བྱུང༌། ལར་གནས་གསར་བའི་མི་བོ་དོང་དུ་སྐྱོ་མཁན་སྔོན་མ་རང་བདག་ཡིན་པ་དང༌། ཡུལ་ལྷ་ལྟ་བུར་སོང་བས་ཡིན་ནམ། བསྙེན་པ་མ་བྱས་གོང་ནས་སུ་རེ་འགོ་ཞིག་གི་ལེགས་པོ་ཞིག་ཡོད་དེ། བོ་དོང་རྫོང་འཇིག་པའི་ཚེ། རྡོ་རྗེ་འཆང་ཆེན་པོས་རྫོང་བདག་ལ་ཁོང་བསྐོས་པའི་ཁ་བསྟབས་འདི་ལས་མ་བྱུང་བས། དགའ་མོད་བྱུང་དོགས་མེད་སྙམ་ཡི་ཆད་ཆེན་པོ་བྱུང་བས་གྱེས། བདག་གིས་ཀྱང་མཆོད་གཏོར་རྒྱུན་ཆད། བར་སྐབས་སུ་ཚུར་བཏུད་པ་འདྲ་བ་བྱུང་ནའང་སྤང་བླང་མ་བྱས་པར་བཞག །ད་བསམས་དུས་སེམས་ཅན་གྱི་ལས་སངས་རྒྱས་ཀྱིས་ཀྱང་བཟློག་མི་ཐུབ་པས། བཅོམ་ལྡན་འདས་ཉིད་བཞུགས་བཞིན་དུ་ཤཱཀྱ་རྣམས་ཁ་དག་པ་དང༌། སྔོན་ཆད་བྱས་པ་གང་ཡིན་པ་ནི་མ་གཏོགས་སོ། །ཞེས་མདོ་རྒྱུད་ཕལ་ཆེར་ལས་གསལ་བར་གསུངས་འདུག་པས་འདི་རིགས་ལ་ལྷ་དང་སྲུང་མ་ལ་ཡི་ཆད་དང་ཁག་འདོགས་བྱེད་རྒྱུ་རྡུལ་ཙམ་མེད་ཅིང་ལེ་ལན་འདེད་རང་འདེད་ན་སྐྱེ་བ་སྔོན་མ་