R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༥༦
[A:༥༦]ཟློས་མ་བྱེད་པར། །ལྷ་འདི་བསྟེན་ལ་གློ་སྙིང་བྲང་གསུམ་ཁོལ། །གྲུབ་པའི་རིགས་བརྒྱུད་མ་བཅོད་སྙིང་གི་བུ། །བསྙེན་པ་དེའི་སྒང་ཙམ་ལ་ངེད་རང་གི་དགྲའི་སྐལ་བ་རྒྱ་འདྲེ་ཁོང་བཙུན་པ་ཆེན་པོ་འཇིགས་སུ་རུང་བའི་རྣམ་པ་ཅན་རྟ་ལ་རྒྱུད་ཙམ་ཞོན། སྣམ་སྦྱར་བེར་ཐུལ་སོགས་བཟབས་སྤྲོད། རྨ་བྱའི་སྒྲོ་ཞྭ་གྱོན་པའི་བཙུན་དམག་གཅེར་བུ་མཚན་མ་མདུང་ཙམ་སྒྲེངས་པ་བརྒྱ་ཕྲག་མང་པོས་བསྐོར་ཏེ་སླེབ་བྱུང་བ་ན་ནག་པོ་ཆེན་པོའི་ང་རྒྱལ་བརྟན་པོས་གཙོ་བོ་དེའི་སྐེ་ལ་རལ་གྲི་ཞིག་བསྣུན་པས་ཐལ་བར་བུན་གྱིས་སོང༌། འཁོར་རྣམས་སྐད་ཅིག་ལ་དུ་བ་ཡལ་བ་བཞིན་གྱི་གར་སོང་ཆ་མེད་ལ་སོང་བ་ན་གཉིད་སད་པས་དངོས་སུ་དུ་ཆོམ་དེང་བ་ཞིག་ཚོར། ནང་ཐམས་ཅད་བསེབ་དྲིས་ཁེངས་འདུག །འདི་རྒྱ་འདྲེའི་གཡུལ་ལས་རྒྱལ་བ་ཐོག་མ་ཡིན། བསྙེན་པ་ཕལ་ཆེར་རྫོགས་པ་ན་ཕ་རྒན་གྲུབ་པ་ཅན་དེའི་དྲིན་གྱིས་ངེད་རང་ལ་ལུས་དང་གྲིབ་མ་བཞིན་འགྲོགས། ལེགས་ཉེས་ཕལ་ཆེར་ལུང་སྟོན་པའི་ལྷ་མོ་ཞིག་ཡོད་པ་དེའི་ཆོ་འཕྲུལ་ཡིན་པ་འདྲ། བུད་མེད་གཞོན་ནུ་ཞིག་གིས་ཉང་སྟོད་རྒྱལ་ཁང་ནས་དཔོན་སའི་དྲུང་གིས་སྐྱེལ་དུ་བཏང་བ་ཡིན་ཟེར། སྨྱུག་མའི་གཟེབ་ཆེན་པོ་ཞིག་འཁྲིས་སུ་ཁྱེར་བྱུང་བ་ཡམ་སྟེ་སྤྲད་པས་ཡོང་བ་མེད། ཉན་མི་ཉན་ནི་མི་ཤེས་གོ་རིམ་ཞིག་ཡོད་ཟེར། ཐོག་མར་མེ་ལོང་གཡའ་ཡོངས་སུ་དག་པ་ལ་འཁོར་ལོ་བྲིས་པ་ཞིག་གཏད་ནས་འདི་འབྲལ་མེད་དུ་ཆོངས་ཤིག་ཟེར། དེ་ནས་གྲས་ཁ་བཅུ་གྲས་ཙམ་བྱས་པའི་དཔེ་ཆ་པོ་ཏི་ཆུང་ངེ་བ་ཞིག་སྤྲད་ནས་འདི་སྐྱེ་