R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༥༧
[A:༥༧]བོ་ཐམས་ཅད་ལ་ཐུན་མོང་དུ་སྦྱིན་རྒྱུའི་ཆོས་ཡིན་ཟེར། ཡང་པོ་ཏི་དེ་ཙམ་ལེགས་པོ་ཞིག་སྤྲད་ནས་འདི་སྣོད་དང་ལྡན་ངེས་མ་གཏོགས་ཀུན་ལ་བཤད་རྒྱུ་མ་ཡིན། རང་རེས་སྒྲུབ་རྒྱུ་ཡིན་ཟེར། དེ་ནས་ཡང་མེ་ལོང་གཡའ་ཡོངས་སུ་དག་པ་འོད་ལམ་མེ་བ་ཞིག་སྤྲད་བྱུང་ནས། དཔེ་ཆ་དེ་གཉིས་ཀྱི་བདག་པོ་བྱས་ན་འདི་དང་འདྲ་བ་ཞིག་ཡོང་བ་འདུག་སྟེ་ཟེར། དེ་ནས་མདའ་ཚད་པར་མ་ཞིག་བཏོན་བྱུང་ནས། འདི་ཕར་ཕྱིན་གྱི་འགྲེལ་པ་དོན་གསལ་ཡིན། ཚང་ནི་བདོག་སྟེ་པར་གསལ་པོ་མི་འདུག་ཟེར། ཡང་པར་མ་མདའ་ཚད་ཅིག་བཏོན་བྱུང་ནས་འདི་རྣམ་འགྲེལ་གྱི་འགྲེལ་པ་ཀུན་བཟང་ཡིན། པར་གསལ་པོ་མི་འདུག་པའི་ཁར་ཕྱེད་ཙམ་མ་ཚང་བ་འདུག་པས་འདི་གཉིས་ཀྱིས་ཧ་ཅང་གི་ཕན་ཐོགས་ཤིག་ནི་མི་ཡོང་བ་འདྲ་དགོས་སམ་མི་དགོས་ཟེར། དཔེ་ཆ་དེ་གཉིས་ལག་ཏུ་བླངས་པ་ནས་བུ་མོ་དེས་ཤུགས་རིང་ཞིག་ཕྱུང་ནས་མེ་ལོང་དེ་བླངས་ནས་རས་ནག་པོ་ཞིག་གིས་གྲིལ་ནས་བདག་གི་པང་དུ་བཞག །དཔེ་ཆ་རྗེས་མ་དེ་གཉིས་ཀྱི་ཟླ་བོ་ལ་འདི་ཡོད་ཟེར་སྤྲེའུའི་པགས་པ་མཉེས་པ་ཞིག་དང༌། བུལ་ཏོག་འདྲ་བ་ལ་ངོ་ཤེས་རྒྱུ་ཆེར་མེད་པའི་སྐྱ་བོ་ལེ་བ་བྲེ་དོ་ཙམ་ཞིག་གཏད་བྱུང་མ་ཐག་གཉིད་སད་བྱུང༌། བསམ་དུས་ཐའི་དབང་ཞིག་བྱུང་བ་ཡིན་ན་དེ་དང་དེ་འདྲ་ཞིག་ཡིན་པ་འདུག་སྟེ་སྙམ་པའི་གོ་བ་ཞིག་བྱུང་ངོ༌། །མ་ལས་བརྩེ་བའི་ལྷ་མཆོག་ཁྱོད་ཀྱིས་འདིར། །མ་འོངས་གནས་འདི་མངོན་སུམ་བཞིན་དུ་བསྟན། །མ་བསྒྲིབས་གོ་ཞིང་སེམས་ལ་ཤར་མོད་ཀྱི། །མ་རབས་