R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༥༩
[A:༥༩]པའི་ཛོ་ཀི་ཞིག་ཕག་ལོ་དཔྱིད་ཀ་བྱོན་ནས་དབུས་ལ་བཞུད། ཡར་ལམ་བདག་ཅན་འབྱོན་པར་བྱས་པ་དེ་ཕེབས་བྱུང་བ་ནས་མཚམས་ཁོངས་སུ་མཇལ། དེས་གུ་རུ་འཚོལ་བ་ལ་བོད་དུ་ལན་གསུམ་ཡོངས། སྔོན་མའི་དུས་མའི་རུམ་ན་བྱས་ནས་མ་མཐོང༌། བར་མའི་དུས་བྱིས་པ་ཆུང་ངུ་ཞིག་སྐྱེས་པ་ཞིག་གིས་བཟུང་ནས་འདུག་པ་རྒྱང་ནས་མཐོང་བ་ཙམ་བྱུང༌། ད་ལམ་འཕྲད་པ་འདི་ཡིན་གསུང༌། བདག་ལ་བྱམས་པོ་དང་དགྱེས་པོ་ཡང་དག་པར་མཛད། དེ་ནས་བཟུང་རྒྱ་གར་ཤར་ནུབ་གུང་གསུམ་གྱི་ཛོ་ཀི་སུ་བྱུང་ཡང་དེ་དག་གི་སྐད་ཕལ་ཆེར་གོ །ཡུལ་མི་གཤའ་མ་དང་ཕྲད་པ་ལྟ་བུའི་དགའ་ཚོར་འབྱུང༌། །རོ་ཊི་སོགས་ཀྱི་ཁ་ཟས་དང༌། བྷུ་ཌུ་བ་སོགས་ཀྱི་ཡོ་བྱད་ལ་ཞེན་པ་ཆེན་པོ་ཡོད་ཞིང་འདུག །ཁ་ཆེའི་ཡི་གེ་དང༌། ནཱ་ག་ར་གྱོབ་བེ་བ་འདི་ཡང་རང་རྡོལ་ཤེས་བྱུང་བས་ཨ་ཙཱ་ར་ལྟོགས་འཁྱམས་པ་ཞིག་གི་སྐྱེ་བ་ཞིག་ཡིན་པ་འདྲ་བསམ་པ་ཡོང་གི་འདུག །སྙིང་ནས་སྒྲུབ་པ་དོན་གཉེར་བསམ་སྦྱོར་གྱིས། ཞེ་མེད་འུར་པོའི་སྤྱོད་པ་ཐོག་གཅིག་བྱས། །འདི་ལ་མི་རྣམས་ཀུན་གྱིས་སྨད་ལགས་ཀྱང༌། །རྒྱལ་བ་སྲས་བཅས་དབྱིངས་ནས་དགྱེས་སམ་སྙམ། །འཆི་མེད་གྲུབ་པའི་ཛོ་ཀི་སྒོ་ཉལ་བྱས། །སྔོན་དུས་བྱས་པའི་བག་ཆགས་གསལ་བར་དྲན། །གནས་སར་གུ་རུ་མ་ཧཱ་ཏ་པ་སཱི། །འཕགས་ཡུལ་སྐྱེ་བོ་ཕལ་ཆེར་ཐལ་མོ་སྦྱོར། །ཛོ་ཀི་དེ་ལས་ཨྱོན་པདྨ་སྐུ་གསུམ་གྱི་སྒྲུབ་ཐབས་དང༌། །ཨ་བྷི་དྷ་ནར་གསུངས་པའི་ཕག་མོའི་བྱིན་