R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༦༡
[A:༦༡]པདྨའི་སྐུ་གསུམ་སྒྲུབ་ཐབས་ཞུས་པས་རཏྣ་གླིང་པའི་གཏེར་མ་དང་དོན་ལ་ཁྱད་ཡེ་མི་འདུག་པས་གཏེར་རྫུན་ཡིན་ཟེར་བའི་ལོག་རྟོག་དེར་ཁེགས། སྔར་སྐུར་ཞུས་བྱས་པ་ལ་འགྱོད་པ་བསམ་གྱིས་མི་ཁྱབ་པ་བྱུང༌། ད་བྱེད་རེ་སྙམ་པའི་ཞེ་དམ་དྲག་པོ་ཡང་སྐྱེས། དེའི་སྡིག་སྦྱོང་ལ་རྙིང་མ་བཀའ་གཏེར་གྱི་ཆོས་འཆད་ཉན་ཡོད་དོ་ཅོག་ཞུས་ནས་སྤྱིར་གཞན་ལ་རྒྱ་ཆེར་སྤེལ། ཁྱད་པར་གང་རྙིང་མ་ལ་སྡང་བའི་ས་ཕྱོགས་སུ་གྲུབ་མཐའ་རྐང་འཐེན་བྱེད་པའི་དམ་བཅའ་བྱས། ངན་འགྲོའི་ལམ་ནས་བཟློག་པ་འདི་ཁོང་གི་དྲིན་ཡིན། དཔེ་རུལ་འགའ་ཡིས་མི་དགེའི་བཤེས་བྱས་ཤིང༌། །སྔགས་རུལ་འགའ་ཡིས་སྤྱོད་ལ་སེམས་ཁྲེལ་བས། །མི་རུལ་ཁོ་བོས་ལས་ངན་ཚབས་ཆེན་བསགས། །བུ་རུལ་བདག་ཉིད་དམྱལ་བའི་ལམ་དུ་ཆས། །དེ་ཚེ་འཕགས་པའི་ཡུལ་ནས་གངས་ཅན་འདིར། བྱོན་ནས་ཟབ་མོའི་གདམས་པ་སྩལ་བའི་མཐུས། །ཟབ་མོའི་ཆོས་ལ་ཡིད་ཆེས་དད་པ་ཐོབ། །བསམས་ཤིང་སྐུ་དྲིན་མི་ཆུང་ཆེ་བར་འཁུམས། །མགོ་བོ་ལ་ཡ་མའི་ནད་ཚབས་ཆེ་བས་ཞྭ་གྱོན་དུ་ཡེ་མི་འདོད། མགོ་ཕྱོགས་ཡོ་ལ་སྐྲངས་ནས་ཚ་དཔལ་མི་བཟོད་པ་ཙམ་ཡོད། མགོ་བོའི་པགས་པ་སྲབ་མོ་མང་པོ་ལིང་གིས་ཞུས་ཡོང་བ་སོགས་ཡང་མོ་ཞིག་ཡོད་པ་ཡང་འདིས་གནང་བའི་བྷྲུ་རླུང་ལ་ཉམས་ལེན་བྱས་པས་གཞི་མེད་དུ་བུད་སོང་བ་ཡིན་ནོ། ལོ་དེའི་དབྱར་ཞབས་དྲུང་བསྟན་པའི་དྲུང་གིས་གསོལ་བ་བཏབ་པའི་ཞོར་ལ་ཕ་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་ནག་པོ་ཆེན་པོའི་སྲུང་