[A:༦༨]བསམས་ཙ་ན་འདི་ཡིན་མེད་པ་ལ་སྣང་ཡུལ་ལམ་ལམ་མང་པོ་བྱས་པ་ཞིག་ནི་བྱུང༌། ངེད་དེར་སྡོད་རིང་སྐུ་འབུམ་ཆེན་མོའི་དྲིལ་བུ་རླུང་པོས་ནམ་བསྐྱོད་དུས། ཨོཾ་ཨཱཿཧཱུྃ་ཧོཿཟེར་བ་འདྲ་མོའི་གསུམ་བརྡུངས་ཁོ་ནར་ངེས་པར་བྱུང་བ་ནི་དེ་དུས་ཀྱི་མི་ཕལ་ཆེར་ལ་རྒྱུས་ཡོད་པ་དེ་ཡིན་མོད། ཇོ་ནང་དམ་པའི་གནས་དེ་བདག་གིས་མཐོང༌། །མཐོང་བའི་མོད་ལ་དད་གུས་སྤུ་ལོང་གཡོ། །གཡོ་མེད་སེམས་ལ་དགའ་བདེའི་ཏིང་འཛིན་སྐྱེས། །སྐྱེས་ཆེན་གོང་མའི་བྱིན་རླབས་ཡིན་ནམ་བསམ། །བསམ་གཏན་གྱིས་མྱོས་སྒྲུབ་ཆེན་ཕོ་མོའི་ཚོགས། །ཚོགས་གསུམ་ལམ་ལ་བརྩོན་པ་དེ་ཀུན་ཡང༌། །ཡང་སྲིད་སྤོང་ལ་ཐེ་ཚོམ་མི་འདུག་སྙམ། །ཡིད་ཆེས་དད་དང་སྤྲོ་བ་ལྷག་པར་འཕེལ། །ལ་ལས་དམ་པ་ཡིན་ཞེས་ལུང་བསྟན་བྱེད། །ལ་ལས་སྤྱི་བོས་བཏུད་ནས་གསོལ་བ་གདབ། །ལ་ལས་འཁྲལ་འཆོང་ལྡིང་ཞིང་གར་སྟབས་སྒྱུར། །ལ་ལས་ངུ་ཞིང་འཆང་ནས་ཁོ་བོ་བཟུང༌། །ཕལ་ཆེར་གྲུབ་པའི་གནས་འདིར་བདག་གིས་སྔོན། །དལ་འབྱོར་དོན་ཡོད་ལས་འགའ་བྱས་སམ་སྙམ། །ད་དུང་ལྗོངས་འདིར་ཚེ་དང་སྒྲུབ་པའི་རྒྱུན། །སྙོམ་རྒྱུ་བྱུང་ན་བསམ་པའི་རེ་སྨོན་བྱུང༌། །དེ་ནས་ལོ་དེའི་མཇུག་ནས་སྣང་ཚུལ་འདི་འདྲ་ཞིག་ཤར་ཏེ། བདག་ཆེན་ཆོས་ཀྱྀ་རྗེ་ཁྲི་ཐོག་རིན་པོ་ཆེ་དང༌། བདག་གི་ཐུ་བོ་ལུགས་གཉིས་ལ་མཁྱེན་པའི་སྤྱན་རྣམ་པར་གསལ་བའི་ས་སྐྱོང་ཆོས་ཀྱི་རྒྱལ་པོའི་དྲུང་གཉིས་བཀའ་གྲོས་མཛད། མགྱོགས་པའི་བསྐུལ་མ་ཅུང་ཟད་གཟིམས་བྱང་སློབ་དཔོན་སྔོན་པོ་ཞེས་པའི་རྟོག་གེ་བ་རྒན་པོ་ཞིག་ཡོད་པ་དེས་རི་སྒུལ་མཚོ་བསྐྱོད་འདྲ་མོ་བྱས། རྟ་ནག་པོའི་