R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༦༩
[A:༦༩]མངའ་རིས་པ་ཚང་གི་མི་སྣ། ཞ་ལུ་པ་རབ་རྒྱས་ཞུ་བའི་ཧམ་པ་དང་བློ་ཤེད་མཚུངས་པ་མེད་ལ་ཆོས་ཀྱི་སྐལ་བས་འཕོངས་པ་ཞིག་འདུག་པ་དེ་རྫོང་དུ་ཡང་ཡང་ཡོངས་ནས་ཞུའི་འདུག་པས་ཀྱང་རྐྱེན་བྱས་ཏེ། མཚན་ཉིད་བསླབ་གཉེར་བྱེད་དགོས་པའི་ཞལ་ཏ་ལན་ཅིག་མིན་པར་བྱོན་བྱུང་བ། སྤྱིར་ངེད་ལ་ཆོས་འདིའི་ལས་འཕྲོ་མེད་ངེས་ཤིག་ཡིན་གདའ་བས། ཕ་ཡོད་ཙ་ན་བུའི་དཔེས་ང་རང་ལོ་བཅུ་གཅིག་བཅུ་གཉིས་ཀྱི་དུས་དང་པོའི་གནས་གསར་ཆོས་མཛད་པ་དེའི་སྐད་ཆ་ཐོས་པས་གང་གི་སྒོ་ནས་མི་མཉམ་རྒྱུ་མེད། ངས་ཀྱང་དེ་ལས་ལྷག་པ་ཞིག་བྱས་ལ་སྐད་སྟོན་པ་ཙམ་གྱིས་ཕྱིར་རྒོལ་ཚོ་འགྱེལ་ཡོང་བ་ཞིག་བྱེད་བསམ་པའང་བྱུང༌། བགྲོ་གླེང་མཛད་མཁན་འདྲ་མཐོང་ཙ་ནའང་དགའ་མོ་ཞིག་ཡོང་གི་འདུག་པས་མཚན་ཉིད་ཅིག་བསླབ་དགོས་སྙམ། སྡོམ་གསུམ། རིགས་གཏེར། མདོ་སྡེ་རྒྱན། མངོན་རྟོགས་རྒྱན། ཚད་མ་རྣམ་འགྲེལ་གྱི་གཞུང་རྣམས་སྦམ་འཛིན་བྱས་ཡོངས་སུ་རྫོགས་པར་བཟུང་ཡོད་པ་ལ། དེ་དུས་ནི་སྔགས་སྨྱོན་བགྲངས་པའི་བྱིན་རླབས་ཅན་ཅིག་དགོས་རྒྱུ་ཡིན། ཆོས་རྗེ་ཆེན་པོ་ཡང་ཐུགས་གཉེར་གྱིས་གཡེངས་ཐུགས་དམ་མ་མཛད་པས་སྐུ་ཚེ་བར་ཆད་དུ་སོང་བ་ཡིན། སྔགས་སྒྲོངས་གསུང་མཁན་ཁོ་ན་བྱུང༌། ཕྱིས་སུ་སྦྱོར་དྲུག་ཞུས་པས་ད་སྒོམ་ཞིག་བྱེད་དགོས་པ་འདུག་བསམ་པ་ཞེ་ཐག་པ་ནས་སྐྱེས། སྔར་བཤད་པ་ལྟར་རྨི་ལམ་ལ་བརྟགས་ནའང་ཤེས་ཤིང་ཕན་ཐོགས་པ་ཞྀག་ཡེ་མི་ཡོང་བར་གོ །མཚན་ཉིད་པའི་བླ་མ་སློབ་དཔོན་འགའ་ཞིག་