R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༧༡
[A:༧༡]ངུ་ཁྱད་པར་ཆེ། །རྒྱུ་སྐར་ལུས་སྟོབས་རྫོགས་པ་མཐའ་ཡས་པ། །ཟླ་དབང་ཚེས་མ་ཐག་པས་ཟིལ་གྱིས་གནོན། །འོན་ཀྱང་སྤྲང་པོའི་གླུ་ལ་ཉན་མཁན་མེད། །མེད་བཞིན་བན་ལིང་བྱས་པས་ཨ་ཐང་ཆད། །ཆད་རྒྱུ་གང་ཡོད་ཆད་པའི་བདག་སེམས་དེ། །དེ་ལྟར་ཡིད་མུག་ངང་ནས་གཞན་དབང་སོང༌། །ཟླ་བ་བཅུ་གཅིག་པའི་ནང་དུ་བདག་གིས་ཕག་ཏུ་ཐབ་ཆས་ཀྱི་བཤས་མང་པོ་བསམ་གྱིས་མི་ཁྱབ་པ་བྱས། མངའ་ཞབས་ལ་འུ་ལག་མང་པོ་བསྐུལ་བ་རྣམས་ལ་ནས་སོགས་ཆ་རྐྱེན་བཀལ། བདག་དཔོན་སློབ་བཙུན་པའི་ཁུངས་སློབ་གཉེར་བ་སུམ་ཅུ་ཙམ་དང༌། ངེད་རྣམས་སྐྱེལ་མཁན་གཟིམས་དཔོན་སངས་རྒྱས་ཞེས་དབུས་གཙང་ན་གྲགས་ཐོན་པའི་ཡགས་པོ་ཞིག་ཡོད་པ་དེས་གཙོས་དྲུང་འཁོར་མཆོར་ལ་རགས་པའི་རྟ་པ་རྐང་ཐང་མང་ཆེན་མང་བ་དང་བཅས་སྡེ་སྲིད་ཆེན་པོ་དབྱར་མཐོང་ལ་འབྱོན་པ་འདྲ་མོ་ཞིག་བྱས་ནས་ཕྱིན། དེ་ནུབ་མཁའ་རུར་བསྡད། རྨི་ལམ་དགའ་མོ་ཞིག་མ་བྱུང༌། ཚིག་པ་ཟ་སེ་བ་ཞིག་ལ་ལངས་ནས་ཕྱིན་རྔ་མོ་འཕྲང་གི་དེ་ན་མར། སྲ་བརྟན་བྲག་ལ་ཡིད་ཀྱིས་བྲིས་པའི་སྒོ། །སྒོ་དེའི་ནང་ན་ཆུ་གཏེར་ཆེན་པོའི་ལྗོངས། །ལྗོངས་དེར་དེ་དང་དེ་འདྲ་འདུག་པ་མཐོང༌། །མཐོང་མོད་ཚེ་འདིར་སྐལ་བ་དེ་ལས་མེད། །དེ་ནས་ཆུ་འགྲམ་ཞིག་ན་མར་སྐྱོ་ཆོད་དེ་ཡི་མུག་ལོང་ངེ༌། འའི་འའི་བསམ་པ་ཞིག་གི་ངང་ལ་ཡོངས། །ཉི་མའང་ཟེ་རེ་རེ་བཞུད་འགྲོའི་འདུག །རླུང་པོ་དྲག་པོ་ཞིག་གིས་རྒྱབ་ནས་འདེད་པ་འདྲ་བ་བྱས། ཐམས་ཅད་ཀྱང་མགོ་ཕུར་གྱིན་བཟབས་