R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༧༢
[A:༧༢]སྤྲོད་ཚོ་ཐལ་བ་ཚུབ་བེ་བྱས། རྟ་མགྱོགས་པོ་གཏོང་གིན་འདུག་པ་ན་བདག་རྟ་ཐོག་ཏུ་སྡུག་གཉིད་རིབ་བེ་བ་ཞིག་བྱུང་བའི་ཚེ། དབང་སྔོན་མདོག་མཚུངས་བོང་བུའི་སྲས་ཆིབས་ཤིང༌། དབང་སྔོན་ལྟར་གསལ་ཕྱིང་པའི་ན་བཟའ་ཅན། །དབང་སྔོན་ལྷུན་པོ་ཉི་མས་འཁྱུད་པའི་གཟི། །དབང་སྔོན་ལ་སོགས་ནོར་བུའི་རྒྱན་ཆ་ཅན། །གྲངས་མེད་རྐང་ཐང་ཕུབ་མདུང་འཛིན་པས་བསྐོར། །རྩོལ་མེད་ཤུགས་ཀྱིས་བགྲོད་པའི་གོམ་སྟབས་ཅན། །ཐོགས་མེད་དབྱིངས་ནས་ཁྱོད་ལ་སྐྱོབ་ཏུ་ཡོང༌། །སྙིང་མེད་པོ་ཁྱོད་འཇིགས་པར་མ་བྱེད་ཀྱེ། །ཕ་རྒན་གྲུབ་པ་ཅན་དེས་ང་ཡི་བུ། །བདུད་ཀྱིས་ཁྱེར་ན་མི་རུང་མྱུར་རྒྱུག་ཅེས། །བསྐུལ་ནས་འོངས་ཀྱི་སེམས་ལ་གཟེངས་བསྟོད་ལ། །བླ་མ་སྒོམས་ལ་གསོལ་བ་ཐོབ་ཅིག་གསུང༌། །ལས་ཀྱི་རླུང་གིས་དེད་ནས་ཡོངས་པའི་ཚེ། །དམ་ཉམས་གྲིབ་ཀྱིས་ཉམས་རྟོག་མགོ་བོ་ཕུར། །གྱག་ཁྱེར་ཐལ་ཚུབ་ཁ་ཅིག་འབྱུང་ངེས་ཞེས། །བརྡ་སྟོན་འདི་ལྟར་བྱས་ལ་གོར་མ་ཆག །དེ་ནུབ་རྟ་ནག་རི་ཁུད་དུ་བསྡད། །གཞི་ལེན་དང་འབུལ་བ་བྱེད་མཁན་འགའ་རེ་འདུག་པ་གར་སོང་མ་ཤེས། དེར་ཡང་རྨི་ལམ་ངན་པོ་ཞིག་བྱུང༌། སང་ཐུབ་བསྟན་རྣམ་རྒྱལ་དུ་སླེབ། བདག་ཆེན་འཇམ་པའི་དབྱངས་ཀྱིས་སྐུ་དྲིན་ལ་ཁྱེར་བ་མེད་པས་སྐྱོང་བའི་འགོ་ཚུགས། །ཚོགས་དེར་མང་ཇ། སྤྱི་འགྱེད། རིན་པོ་ཆེའི་དྲུང་དུ་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། ངེད་རྣམས་གྲྭ་པ་ཡར་མ་རྒན་མར་མ་གཞོན་སུམ་ཅུ་ནས་བཅུ་དྲུག་གི་བར་གཞོན་ཧྲགས་ཀྱང་བདོག་པ་དང༌། གནས་