R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༧༤
[A:༧༤] གཞན་ཁ་རེའང་བསད་གྲག །བྲང་ཁང་སོ་སོ་ལ་འཚང་དྲག་བྱས་སྐད་ཆ་ཤོད་ཐེབས་མེད་པ་མང་པོ་ཞིག་བྱེད་ཀྱི་གདའའོ། །སྡེ་འཁྲུགས་མི་བསད་རྟ་སྒྱེལ་ཞེ་སྡང་དང༌། །བཙུན་གཞོན་གྲོགས་སུ་བསྟེན་པའི་འདོད་ཆགས་དང༌། །ང་མཁས་ང་ཆེ་ང་རྒྱལ་འགྱིང་འགྲོས་འདི། །གཏི་མུག་མུན་ནེ་འཐིབས་པས་ལན་ནམ་སྙམ། །མི་ཚེ་གཞུང་ལུགས་སྦྱངས་པའི་ལག་རྗེས་ལ། །ཆེ་འདོད་གྲགས་འདོད་ཕན་ཚུན་སྐོར་སྡེབས་ཀྱིས། །དགེ་འདུན་དབྱེན་བྱས་ཐར་མེད་དམྱལ་བར་མཆོང༌། །ལས་སྟབས་འདི་འདྲ་བསམས་ཤིང་སྙིང་རླུང་ལྡང༌། །བདག་ཆེན་འཇམ་པའི་དབྱངས་ཐུགས་འུར། །ཕྱག་རྫས་རྣམས་ཆིབས་དྲེལ་མཛད་རྫོང་བདའ་གྲུབ། །ཆིབས་སྒ་ཚུན་སྒྲོན་གྲུབ་འདུག་པ་ལ། ངེད་འཁོར་བཅས་དང་སྐྱང་འདུར་བ་སོགས་སྤྱི་ལྡིང་བའི་ཁུངས་ཁ་ཅིག་ཡོད་པས་ཞུ་བ་བྱས་ཀྱང་ཆིབས་དྲེལ་ནི་སྒོར་མ་ཐུབ། ཞབས་དྲུང་ཉིད་དུའུ་ཐུག་མང་པོ་ཞུས་པས་ཐུགས་ལྷོད་ཙམ་གནང༌། དམག་རྣམས་སྤེའུ་ཞིག་ལ་འཚང་ཞིང་འདུག་ནས། བདག་གིས་འདི་པ་ལ་གནྡེ་ཞིག་གནང་བ་ཞུ་ཞུས་ནས་ཛམ་ཛམ་མཛད་པས་གྱེས་ཙམ་བྱུང༌། དེ་ནུབ་བདག་སྣང་ཚུལ་དེ་དག་མཐོང་བས་སྟོད་འཚངས་ཁམས་ཆེན་པོ་ཞིག་འཆི་བ་ལ་ཐུག་པ་ཞིག་བྱུང་སྐབས་བདག་གི་བླ་མ་དེ་ཡིད་ལ་དྲན་པ་ཙམ་གྱིས་ནད་དེ་ལས་གྲོལ་མོད། དེ་ནས་བཟུང་ཡུན་རིང་པོའི་བར་ནད་དེ་འཕྲལ་དུ་ལངས་ནས་ཞེ་སུན་ལ་ཉེན་ཆེ་བ་ཞིག་བྱུང༌། བདག་ཆེན་རིན་པོ་ཆེའི་གསུང་གིས་བདག་ལ་དོ་དམ་གྱིས་གསུངས་ལྟར་གང་ཤེས་ཀྱིས་ལབ་ལོབ་བྱས་པས་ཆིངས་འདྲ་