R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༧༥
[A:༧༥]མོ་ཞིག་འགྲིག་སྐབས། ཞབས་དྲུང་རིན་པོ་ཆེ་བྱང་སྟག་ལུང་པས་གདན་འདྲེན་བྱུང་བ་ནས་དབུས་ལ་བྱོན། བདག་ལ་དབུ་ཞྭ་ཞིག་གནང༌། ངེད་ཚོ་མ་སླེབས་བར་ཡར་བྱོན། རེ་ཞིག་ཡ་ཚོར་ཐུགས་གཉེར་གཞུག་སྐྱོང་མཛད་པ་མ་གཏོགས། བློས་བཏང་ན་ལེ་མི་ཡོད་བས་འབད་པ་མཛོད་གསུང་བ་སོགས་བསླབ་བྱ་མང་དུ་མཛད། སྤྱན་ཆབ་ཕྱུངས་ནས་ཐེགས། བླ་མ་དེའི་ཕྱགས་ཕྱིར་ཕྱིན་ན་བསམས་པ་ཀང་ཀང་བྱུང་ཞིང༌། ཕྱིན་ན་མཉེས་པའི་གསུང་མང་པོ་བྱོན་ཏེ། བོ་དོང་ནས་གྲོལ་ཆ་མ་བྱུང་བ་ནས་བདག་ཚོ་སེམས་འཕྲེང་པོ་ཞིག་ལ་ཡར་ལོག །བོ་དོང་བོན་གནས་ཞེས་བྱ་བ་ན་དགོན་ཆུང་སྡོད་མཁན་ཙམ་མེད་པའི་བླ་བྲང་འདུ་ཁང་སྤྱིལ་ཆུང་སོགས་ཤོམས་ལ་སྡོད་སྤྲོ་བ་ཞིག་ཡོད་པ་དེར་མིང་ཐུབ་བསྟན་ཆོས་འཁོར་གླིང་དུ་བཏགས་ནས་བསྡད། མངའ་ཞབས་ཀྱི་དྲག་པ་འདྲས་ཐུག་ཚུལ་ཡང་ཕུལ། རྒྱུན་པའི་ཐུག་ཚུལ་དང་དུས་ཇ་སོགས་སྡེ་པ་ནས་གནང༌། མ་རྒན་མོ་དེས་གྲྭ་པ་རྣམས་ལ་ཕོགས་ཁ་རེའང་གནང༌། བདག་གིས་ཆེར་མི་ཤེས་ཀྱང་གྲ་མ་འཐོར་ན་ལེགས་པ་འདྲ་སྙམ་འཆད་ཉན་གྱི་ཁུངས་བྱས། སྤྱི་ཆོས་ལ་བཀའ་གདམས་གཞུང་དྲུག་དང༌། རིགས་གཏེར་རང་འགྲེལ་སོགས་ལུང་མང་པོ་བྱས། བསྡུས་ར་ཆེ་ཆུང་ཐམས་ཅད་ངས་བཏང༌། སློབ་དཔོན་གནས་ཆུང་པ་བྱ་བ་བགྲོ་གླེང་བདེ་ལ་པྲ་ཆལ་བ་ཞིག་བདོག་པ་དེས་སོ་སོ་ལ་ཕར་ཚད་ཀྱི་ཐལ་འཕྲེང་སྤྱི་དོན་སོགས་བཏང༌། འཕྲལ་གྱི་སྒྲིགས་རྣམ་གཞག་ཐུབ་བསྟན་པ་སོར་བཞག་བྱས་བསྡད་པའི་