R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༧༦
[A:༧༦]ཚེ། ས་དེ་གྲུབ་ཐོབ་འདར་ཕྱར་གྱིས་བོན་པོ་ཕུང་བར་བྱས་ས་ཡིན་པས་བོན་པོའྀ་མཆོད་རྟེན་དང་སྒྲུབ་ཁང་མང་པོ་ཡོད། བོན་སྐྱོང་མ་བྱ་བའི་གཞི་བདག་བདུད་མོ་ཤིན་ཏུ་ཐུ་བ་ཞིག་ཡོད་པས་དེར་དཔེ་མཚམས་བྱས་ཚད་ཚེ་ཡོང་གི་མེད་ཟེར་བྲེད་བྲེད་མོ་བྱེད། འཚུབ་ཀྱང་ཤིན་ཏུ་འཚུབ་པས་ནམ་ལ་འབོད་པ་སོགས་དངོས་སུའང་ཆོ་འཕྲུལ་ཐོར་བུ་ཡོང་གི་འདུག་པ་ནས་གཞན་དུ་སྤོས་པས་དགའ་རུ་མི་འགྲོ་བཏུལ་དགོས་སྙམ། གྲྭ་པ་ཐམས་ཅད་ལ་གཅོད་གདན་ཐོག་གཅིག་མའི་ཁྲིད་ཕོག །ང་རང་གིས་ཀྱང་དམིགས་པ་དྲག་པོ་མང་དུ་བཏང༌། བོན་སྐྱོང་མའི་སྤྱན་རྟེན་ཡིན་ཟེར་བའི་ན་ཐོག་ཆུང་ངུ་ཞིག་ཡོད་པར་མཚན་མོ་ཕྱིན་ཞིང་གཅོད་བྱས་པས་ཞག་ལྔ་ཙམ་ནས་ཇེ་འཇིགས་ཇེ་འཇིགས་ལ་སོང་ནས་མི་ཚུགས་པ་ཙམ་བྱུང༌། ཆུ་ཁ་ན་མར་ཚོམ་ཚོམ་བྲད་པའི་ངུ་ཆོམས་ཀྱི་ཟེར་ལེན་ཐོས་པས་སྙིང་དོན་འགྲོ་བ་འདྲ་བ་ཡོང་བའང་བྱུང༌། ནུབ་ཅིག་དངོས་སུ་རྐང་པ་ནས་བྲུད་བྱུང་བ་ལ་གཅེས་འཛིན་གཏོང་བའི་ཁུངས་བྱས་བཞག་པས་བརྒྱལ་བ་སྐད་བྱུང་བ་ཡིན་ནམ་རེ་ཞིག་དྲན་རྒྱུ་མ་བྱུང༌། ཆོ་ཆད་ནས་རྐང་པ་འཁྱགས་ནས་དྲན་པ་རྙེད་བྱུང་བ་ཞིང་ཤས་གསུམ་ཙམ་ཞིག་བྲུད་ནས་ཆུ་ཁར་སླབ་འདུག་པ་རྐང་པ་ཆུར་སོང་བར་འདུག །དེ་གར་བསྡད་ནས་དགེ་སྦྱོར་བྱས་པས་བློ་བདེ་འབོལ་གྱིས་སོང༌། ཚར་ཚད་ཀྱང་ཡིད་ཆེས་པ་འགྲིག །འཚུབ་དང་ཆོ་འཕྲུལ་ཐམས་ཅད་རྒྱུན་ཆད་པ་ཞིག་བྱུང༌། རང་སེམས་བདུད་དུ་ལངས་པ་མ་གཏོགས་པ། །ཕྱི་རོལ་བདུད་དུ་གྲུབ་བ་ཅི་ཡང་མེད། །དམ་ཆོས་