R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༧༧
[A:༧༧]བདུད་ཀྱི་གཅོད་ཡུལ་བསྒོམས་པའི་ཚེ། །ཕྱི་ནང་བདུད་ཀྱི་དཔུང་དེ་དབྱིངས་སུ་ཡལ། །བདག་འཛིན་ཨ་འཐས་ཞེས་པའི་ཕུང་པོ་འདི། །བདག་གཞན་འགྲོ་བའི་གླུད་དུ་བྱིན་པའི་ཚེ། །བདག་དང་གཞན་དུ་འཛིན་པ་མ་གྲུབ་པས། །བདག་མེད་འདི་ལ་འཁྱེར་མཁན་ངས་མ་རྙེད། །དེར་བླ་ཆེན་ཐུགས་རྗེ་ཅན་སྤྱན་དྲངས། ཆོས་ཆུང་བརྒྱ་རྩ་སོགས་དམ་པའི་ཆོས་བསམ་གྱིས་མི་ཁྱབ་པའི་སྐུ་དྲིན་ཐོབ་སྟེ། མདོར་ན་གླང་ལོ་ཟླ་བ་གསུམ་པ་ནས་དགུ་པའི་བར་བོན་གནས་དང་བླ་བྲང་དཀར་པོར་ཆོས་གཞི་བཏེག་ནས་བསླབ་གཉེར་འཕེལ་ཞིང་ཐམས་ཅད་ལ་བློ་བསྐྱེད་ཡང་ཆེན་པོ་བྱུང༌། ལོ་དེའི་དབྱར་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞབས་ལས་གསུང་གི་བདུད་རྩི་ཐོབ་པ་ཡིན་ནའང་འདིའི་ཚུལ་རྒྱས་པར་འོག་ཏུ་འབྱུང་ངོ༌། དེ་ནས་ཐུབ་བསྟན་དུ་འདུག་པའི་ནུབ་ཅིག་ཉང་སྟོད་རྒྱལ་ཁང་དེ་རྨི་ལམ་དུ་གསལ་པོ་བྱུང༌། སྐོར་དགོས་པའི་ལྟས་འདྲའང་འདུག་པ་དང༌། བདག་གི་བླ་མ་དེའི་གསུང་གིས་ངས་བོད་ན་ཡོད་པའི་སྦྱོར་དྲུག་ཐམས་ཅད་ཐོབ་པ་ཞིག་བྱ་སྙམ་པ་ལ་པཎ་ཆེན་ནགས་རིན་ལུགས་དེ་མ་ཐོབ། ད་ངས་ཞུ་མི་ཐུབ་ཁྱོད་ཀྱིས་ཐོབ་ན་དེ་གས་ཆོག་པས་འབྲུག་པ་ལ་ཞུས་ཤོག་གསུང་བ་ནས་དེ་ཐམས་ཅད་སྒོ་བསྟུན་སྟོན་བཙས་མ་མ་ཚར་ཙམ་ལ་ཉང་བར་རྩིས་ཀྱི་ལྷ་ཁང་བསྐོར་བ་ལ་ཕྱིན། རིམ་གྱིས་གནས་དེར་སླེབ། ཨ་ཇོ་བརྟན་པའི་དྲུང་གིས་ནུ་བོ་དང་བྱིས་པ་ཡིན་སྙམ་པའི་བསྙས་པ་གཏན་ནས་མ་མཛད། དཔེ་མེད་ཀྱི་བླ་ཆེན་ཁམས་པོ་ཆེ་ཕྱོགས་ནས་བྱོན་པ་ཞིག་ཡིན་པ་ཙམ་གྱིས་མཐོང་དང་བསྙེན་