R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༧༨
[A:༧༨]བཀུར་དུས་ཁྱད་པར་བ་དང་ནར་མ་ཐམས་ཅད་དུ་དེ་ལས་སྐྱིད་པ་བྱེད་མ་མྱོང་བ་འདྲ་བ་སྐུ་དྲིན་བསྐྱངས། ལྷ་ཁང་རྣམས་སུའང་དཀར་མེ་སྙན་དར་སྟོབས་ཆེར་ཕུལ། སྨོན་ལམ་བཏབ། ཁྱད་པར་རྒྱ་ཕུབས་ཤར་ན་མགོན་པོ་འབུར་དོད་ཤིན་ཏུ་ངོ་འཚར་བ་ཞིག་བཞུགས་པའི་དྲུང་དུ་ཚོགས་གཏོར་རྒྱས་པ་ཕུལ་བའི་དུས་སྔ་རྟིང་དུ་སྐུ་དེ་ལ་མཐོ་ཚད་ཞུས་པས་ཇེ་ཆེ་ཇེ་ཆེ་ལ་སོང་བ་ཐམས་ཅད་ཀྱིས་མཐུན་གྲུབ་པའི་ངོ་མཚར་ཡང་བྱུང༌། བཀའ་བརྒྱུད་བསྟན་པའི་བདག་པོ་ཁྱབ་བདག་འབྲུག་པ་གཅུང་སྨྱོན་མེ་ཏོག་ལ་ཕེབས་པ་དང་མཇལ། གཏུམ་པོ་རས་ཆུང་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པ་དང༌། ཕག་མོ་ཁམས་གསུམ་མའི་བྱིན་རླབས་ལུང་དང་བཅས་པ། པཎ་ཆེན་ལུགས་ཀྱི་སྦྱོར་དྲུག་རྒྱལ་དབང་རྗེའི་གསུང་ལ་ཇོ་བཟང་བདེ་ལེགས་པས་ཟིན་བྲིས་མཛད་པ་རྣམས་ཐོབ། ཞང་དབོན་ཐུགས་ཡིད་གཅིག་ཏུ་འདྲེས་པ་ལྟ་བུའི་དགྱེས་ཚོར་བརྩེ་སྐྱོང་མང་པོ་མཛད། གྲུབ་ཐོབ་ཀྱི་འཁོར་ལོ་སྒྱུར་བ་ལྕེ་སྟོན་རིན་པོ་ཆེ་སྤྱན་དྲངས་ནས་ཕ་ཆོས་གཏུམ་ཆེན་དང༌། འཁོར་ལོ་ཆེན་པོའི་རྒྱ་བོད་ཀྱི་ཡི་གེ་རབ་ཏུ་མང་པོའི་ལུང་ཞུས། གྲྭ་པ་རྣམས་ཀྱིས་སྤྱི་བསོད་གྲོལ། དགུན་ཆོས་འཛུགས་རན་ཟེར་འབོད་མི་བྱུང་བ་ནས་ལོག་འགྲོ་བར་བརྩམས་པས། ལྷ་མོ་དེ་འཕྲེང་བའི་རྣམ་པས་ཞོན་རྟ་སྡེ་པའི་ཆིབས་པ་དྲག་ཤོས་གསེར་བྱ་ཟེར་བ་ཞིག་ཡོད་པའང་གློ་བུར་དུ་འཆི་བ་ལ་ཐུག །གཞན་ཡང་འཚུབ་ཁ་རེ་བྱུང་ནས་མཆོད་གཏོར་རྒྱ་ཆེར་ཕུལ། དཔེ་ཆ་དྲག་པ་ཞིག་གཏེ་བའི་ཚུལ་དུ་མགོན་ཁང་དུ་བཞག །ལོ་ཕྱི་མ་ལའང་ཡོང་བའི་