R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༨༠
[A:༨༠]ཏན་ཅན་བསྟན་པ་ལ་ཕན་པ་འདྲའང་ཨེ་ཡོང༌། ཐ་ནའང་རེ་ཞིག་ཆོས་མགོ་ཐོན་འགྲོ་བ་འདུག་སྙམ་དད་དོས་བྱས། སྡེ་པ་ལ་ཞུས་ནས་བདག་ཆེན་རིན་པོ་ཆེ་བྱང་སྟག་ལུང་ན་བཞུགས་པའི་དྲུང་དུ་གདན་འདྲེན་པའི་བང་ཆེན་ཡང་ཡང་བཏང༌། ལོ་བཅུ་དགུ་ལོན་པའི་སྟག་ལོ་ཟླ་བ་གསུམ་པ་ནས་ཟུག་འདི་ཡིན་མེད་པ་ལ་དྲན་མེད་དུ་ཡུན་རིང་པོ་བརྒྱལ་འགྲོ་བ་དེ་འདྲ་ཉིན་རེ་ལའང་ལན་ཁ་རེ་བྱས་པ་ཞིག་བྱུང་བ་ནས་བོ་དོང་རྫོང་དུ་ཤོག་གསུང་ནས་དེར་ཕྱིན་སྨན་པ་རྣམས་ལ་ནི་བྱེད་རྒྱུ་འདི་ཡིན་ཞིག་ཡེ་མི་འདུག །བྱིང་བ་ཆེན་པོའི་འཕྲེང་ཡིན་པ་འདྲ་གསུངས། གེགས་སེལ་འདྲ་གནང་བྱུང་ནའང་ཕན་རྒྱུ་ཆེར་མ་བྱུང་བའི་ཁར་ཇེ་ལོད་ལ་བརྒྱལ་བ་དེ་སད་ཡོང་ཁར་སྟོད་འཚངས་འདྲ་བའི་ཟུག་ཆེན་པོ་བཟོད་གླགས་མེད་པ་ཡོང་བ་ལ་དེ་ཁའི་ངང་ནས་བརྒྱལ་འགྲོ་བ་ཉིན་རེའང་ལན་བཅོ་ལྔ་ཉི་ཤུ་ཙམ་ཡོང་གི་འདུག །བརྒྱལ་བའི་ཚེ་ཟླ་བོ་རྣམས་ཀྱིས་རོལ་མོ་བྱས་རྣ་བའི་རྩར་ཏིང་ཤགས་བརྡུངས་པ་དང་རེ་ཞིག་ནས་དྲན་པ་རྙེད་ཡོང་བ་དེ་འདྲ་ཞིག་གིས་ཟླ་བ་དྲུག་མནར་བའི་མཐར་ནུབ་ཅིག་ཆུ་མེ་ལ་ཐྀམ་པའི་རྟགས་ཀྱང་བྱུང༌། དྲུང་ཆེན་སེར་པོ་བས་རྩ་ལྟས་ནས་ཅང་མི་གསུང་བར་བདག་ལ་གཟིགས་ཏེ་ཤུགས་རིང་ཞིག་བཏོན་སྤྱན་ཆབ་ཕྱུངས་ནས་ཐེགས་སོང་མཚམས། བདག་གི་བླ་མ་དེ་གདན་དྲངས་ཕེབས་ནས་མགོ་ལ་ཕྱག་བཞག་ནས་འམ་བུ་ལ་གཟིགས་ལ་ཐུགས་ལྷོད་དེ་བཞུགས་ཤིག་གསུངས་ཅུང་ཟད་ཐུགས་དམ་ལ་བཞུགས་ནས་ད་རྩ་ཞིག་གཟིགས་དང་གསུང་བ་ལ་རྩ་དང་དབུགས་གཉིས་ཆར་སོར་ཆུད་ནས་ཤི་ཚར་ཚར་བ་ལ་བླ་མ་དམ་པའི་ཐུགས་