R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༨༥
[A:༨༥]པ་ནས་ནན་ཏན་བྱས་པས་དགའ་མོ་ཞིག་ཤེས། དགུན་ཆོས་དང་རྟིང་སོགས་ཀྱི་དུས། སྤྱན་ཡིན་པར་ཐལ། ལྷའི་སྤྱན་ཡིན་པའི་ཕྱིར་ཞེས་སོགས་ཚུལ་གསུམ་པ་ཅན་གྱི་རྟགས་ཚིག་ལ་སྐྱོན་ཅན་གྱི་ཐལ་འགྱུར་གཏོང་མཁན་སོགས་གོ་བ་མེད་པའི་སྐྱ་ཕྱེ་སྔོ་ཕྱེ་ཚོའི་ལན་ནི་མི་ཤེས། གཞུང་ཚིག་རྟགས་བསལ་དུ་བཀོད་པའི་བགྲོ་གླེང་བྱེད་པ་ལ་རབ་འབྱམས་པ་ཆེན་པོ་དོན་ལྡན་ཚོའི་གྱ་པོ་ཕེར་བ་ཙམ་བྱུང༌། དེའང་སྒྲིགས་ལ་སྐྱུར་ཁར་བདག་ཕར་ཕྱིན་ལ་རྩ་སློབ་བྱེད་ཞུས་པས། ཁྱོད་ཀྱི་ཤེས་རབ་ཀྱི་སྒྲ་ལ་སེམས་མ་བྱས་པས་མི་ཡོང་གསུངས་མགས་ན། གྲྭ་པ་རྣམས་ཀྱིས་རྒན་མོ་ཕར་ཕྱིན་བྱས་ན་འཕོངས་ཟེར་བཀག །ཚད་མ་མི་བྱེད་ཀ་མེད་བྱུང༌། སེམས་ལ་དེ་ག་ཡིན་ཕར་ཕྱིན་བྱས་ན་འཕྲོ་ལ་མི་ལུས་པ་ཞིག་ཡོད་དེ་བསམ་པ་ཙམ་བྱུང་སྟེ། གཞུང་གི་དགོངས་པ་རྟོགས་པ་ཕར་ཞོག་གིས། ཚིག་གི་བརྡ་ཙམ་ཡང་མི་ཤེས་པའི། །རྡོ་བཅལ་སྒྲིགས་སོགས་ཟར་ཟིར་མང་པོ་འདི། །ཡོན་ཏན་མིང་ཏུ་བཏགས་ཀྱང་སྐྱོན་དུ་གོ །མཆོད་བརྗོད་སྐབས་སུ་འབྲས་བུ་སྐུ་གསུམ་བསྟན། །ཡང་དག་རྟགས་ཀྱིས་རྒྱུ་འབྲས་གཏན་ལ་ཕབ། ཚད་འབྲས་སོགས་ཀྱིས་ཕྱི་དོན་བདེན་གྲུབ་བཀག །སྔ་ཕྱི་མང་པོ་བདག་གཉིས་རྩད་ནས་ཕྱུང༌། །བསྟན་བཅོས་ཆེ་འདིས་ལམ་རིམ་ཟབ་མོ་བསྟན། །བསྟན་མོད་ཕྱིར་ལྟས་རྣམས་ཀྱིས་མཐོང་བ་མེད། །མེད་ངེས་དབྱངས་སུ་ལེན་པའི་རྡོ་བཅལ་སྒྲིགས། །སྒྲིག་པ་འདི་ལ་བསྟད་སོ་ཅི་འདུག་སོམས། །ཁ་