R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༩༢
[A:༩༢]བྱས། སྐུ་གདུང་རིན་པོ་ཆེའི་དྲུང་དུ་རྒྱ་དྲིལ། རྒྱ་ཆོལ། ཧོང་ཏིང་བདུན་ཆ། མཆོད་རྔ། དཀར་དུང༌། དབུ་ཐོག་ཏུ་བླ་བྲེ། ན་བཟའ་རྟེན་ཁེབས་གཅིག་རྣམས་ཕུལ། དེ་ནས་ཟླ་བ་བཅུ་པའི་ནང་དུ་ངེད་ཀྱི་བླ་མ་གྲོངས་པ་ཁོའི་མཐུ་ཡིན་ཟེར། ལྷ་ས་རྫོང་པས་ཚག་པོ་ལྔ་དྲུག་དང་བཅས་པའི་ཚོགས་འཁོར་དར་འཕྱར་བྱེད་ཀྱི་ཟེར་ཐོས་པས་ངའི་བླ་མ་བདེ་བ་ནས་བདེ་བར་གཤེགས་པ་ལ་གཏམ་འདི་དང་བྱེད་པ་འདི་ཤིན་ཏུ་མ་འོས་སྙམ། བླ་ཆེན་ཐུགས་རྗེ་ཅན་དང་ངེད་དཔོན་སློབ་ཀྱི་མཚམས་བསྡམས། བླ་ཆེན་རིན་པོ་ཆེས་འཇིགས་བྱེད་ཀྱི་ཐུགས་དམ་དྲུག་ཅུ་པ་མདོར་བསྡུས་ཏེ་ནུབ་རེ་བཞིན་མཛད་ཀྱི་འདུག་པས་ཞག་བདུན་ཙམ་ནས་རྟགས་བྱུང་གསུང་བ་ལྟར། ཁོའི་མཐུ་པ་སྔགས་འཆང་རིན་རྡོར་བ་ཁའུའི་སྦོ་ལོག་གིས་ཚིག་ནས་ཤི །བདག་གིས་བྲག་རྫོང་མའི་ཟློག་བསད་ཀྱི་འཁོར་ལོ་ཁོ་ན་གནད་དུ་བསྣུན་པས། ཟླ་བ་གཅིག་ནས་ནུབ་ཅིག་དྲེད་ཡིན་སྙམ་པའི་སེམས་ཅན་འཇིགས་པ་ཞིག་མཆོངས་བྱུང་བ་བདག་གིས་མགོ་ནས་མནན་བརྡུངས་པས། དེ་ཤི་སོང་ཙ་ན་འཁྲིས་དེར་མགོན་པོའི་གཏོར་མ་རྒྱས་པ་ཞིག་བཤམས་འདུག་པ་ལ་ཁྲག་གི་རྒྱུན་ཡུར་ཆུ་ཙམ་འབབ་ཀྱི་འདུག །དེའི་མདུན་ན་མགོ་བོ་ནི་མི་འདུག་ཤ་ཚག་པོ་བུབས་འདྲ་བའི་གསར་པ་བསད་མ་ཐག་ཁྲིག་ཁྲིག་འདར་བཞིན་པ་ཞིག་འདུག་པ་ན་མི་མང་པོས་ཁྱོད་བཙུན་པ་བྱས་ནས་སེམས་ཅན་གསོད་མཁན་ཡོང་ངམ་ཟེར་བཞད་གད་བྱེད་པའི་རྨི་ལམ་གསལ་པོ་ཞིག་བྱུང༌། གཉིད་སད་ནས་