[A:༣༥༠]ཇ་སྦྱོར་རེའི་ཐབ་སྐྱོང་བྱས། རྒྱ་ཕིབས་ཀྱི་བྲེ་འདེགས་བཟོས་པ་མྱུར་ཞིང་སྤུས་གཙང་བ་འགྲུབ་པས་བླ་མ་ལྷ་ཁང་གི་ཕྱི་རོལ་གྱི་མགུལ་དུ་བརྒྱན་པའི་སྟེང་དུ་ཆུ་ཁེབས་ཀྱི་བད་གཡམ་བྱ་སྤུ་སྣོལ་རིམ་བརྩེགས་གཏོང་བ་ལ་གཡམ་ཚང་རྣམས་ན་སྔར་མེད་པའི་སྔོ་གཡམ་ཁྱོན་ཆེ་ཞིང་སྤུས་གཙང་བ་གཏེར་ཐོན་པ་བཞིན་མི་ཟད་པར་བྱུང༌། སྤྲུལ་སྐུ་ལྷས་སྦྱིན་པ་དཔོན་གཡོག་ཞབས་ཏོག་དང་ཡོན་གྱིས་དགྱེས་པ་བསྐྱེད་ནས་ཐེགས། དེ་ལོ་རྫོང་དུ་གཏོར་ཆེན་འཛུགས་པའི་ཕྱགས་ཕྱིར་ཕྱག་ལེན་འཛོམ། གསུང་ལེགས་པ། དབྱངས་ངེས་པ་སོགས་ཀྱི་མཆོད་ཡོན་དགོངས་པར་བདེ་བས་ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་ངེད་ཀྱི་ས་ན་ཡོད་པ་ལ་ཕྱག་ཐམ་ཕེབས་པ་བཞིན་རྫོང་བདར་ཞུས་པས་ཕྱགས་ཕྱིར་འགྱུར་ངེས་བྱུང༌། སྐུ་རིམ་གྲོལ་འཚམས་མགོན་ཁང་གི་རྟེན་བཞེངས་དཔོན་སློབ་ནས་གཙོ་བོར་ཐུགས་འགན་བཞེས་པའི་སྔོན་ལ་གྲུབ་པ་གནང་རྒྱུ་དང༌། ལྷ་ཆེན་ལ་བལ་པོ་ལྔས་ཟླ་བ་བརྒྱད་ཀྱི་བར་བཟོ་བྱས་ཀྱང་རྟེན་ནོར་ཉན་ཡོང་དུས་མ་བྱུང་བས་སླར་དེའི་ཞལ་བཀོད་དང༌། ཁྲི་རྒྱབ་ཡོལ་གྱི་ཕྱག་བཟོ་རྣམས་ལ་གོང་དཀར་ནས་དྲུང་གནས་སྦྱིན་པ་སྤྱན་འདྲེན་སྙན་འདེབས་ལ་མཆོད་ཡོན་གཉིས་ཀའི་མི་སྣ། གཞིས་ཀ་ཞབས་དྲུང་རྗེ་བཙུན་མར་ཞུ་ཤོག་རྟེན་བཟང་པོ། དགེ་སློང་སྤྲུལ་སྐུ་བ་རང་ལ་ཡང་ཞུ་ཐོ་ནན་ཅན་རྟེན་དང་བཅས་པ་ཡོད་པར། གཞིས་ཀ་ནས་གྲོལ་ཆ། སྤྲུལ་སྐུ་བས་ཞལ་བཞེས་དང་དོད་མཛད་སླར་སྤྱན་འདྲེན་བང་ཆེན་རྫོང་ནས་ཆིབས་ཁལ་དང་བཅས་པ་བཏང༌། གོང་དཀར་རྡོ་རྗེ་གདན་དུ་སྤྲུལ་སྐུ་བ་ཕེབས་