R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༤༩
[A:༣༤༩]ཡུན་གྱི་བསླབ་སྟོན་ཞུས་མཐར་བྲག་རྫོང་མ་ལ་བརྟེན་པའི་མགོན་པོའི་བསྙེན་པ་ཞིག་བྱེད་བསམ་པ། ཐུན་གྱི་རིམ་པ་དང་སྦྱར་བའི་བཟླས་པ་སྦྱོར་རྗེས་སྐྱོང་ལུགས་རྣམས་ཇི་ལྟར་བྱེད་དགོས་ཞུ་བ་ལ། བསྙེན་ཐབས་ཀྱི་ཞལ་གདམས་ཞིབ་རྒྱས་དང་གང་ཅིའི་སྙན་སྒྲོན་རྒྱས་པར་གནང༌། བརྫོང་བ་གཞིས་ལེན་གནང་ཆ་དང་བཅས་པས་ཁོང་རྣམས་རང་གནས་སུ་ཐེགས། དཔོན་སློབ་ལ་སྡེ་པ་ཡབ་ཡུམ་གྱི་དགོན་ཐང་འབུམ་མོ་ཆེ་ས་སྐོར་དང་བཅས་པའི་ཞལ་འཛིན་ཕུལ་བྱུང་བ་ལ་མི་བཞེས་པའི་དགོངས་པ་གཏད་འདུག་པར། བདག་གིས་ཁ་སགས་བྱས་ཕུགས་ཆོས་སྡེ་ལ་སྦྱོར་བ་གནང་ན་འབུམ་པ་ཞིག་གསོ་བཞིན་གྱི་རྒྱུན་མ་ཆད་ཙམ་ཡོང་བས་བཞེས་པ་ལེགས་སམ་ཞུས་པས་སླར་དགོངས་པ་གྲུབ་སྟེ། མཆོད་རྟེན་འཛིན་བཀོད་ཀྱི་རྐྱེན་རིས་ཕྲན་བུ་དང་བཅས་ཕུལ་བྱུང༌། དེ་ནས་བཀྲ་ཤིས་ཆོས་སྡེའི་ཀླུ་ཁང་རྩེར་ཕེབས་རེ་ཞིག་བཅར་བཞུགས་ངོས། སྐུ་རིམ་ནར་མའི་བསྐང་གསོ་ཕྱགས་ཕྱིར་གྲ་ཚང་གི་དབྱངས་གསར་པའི་ཁྲོད་ནས་ཉུང་བསྡུས་བསྐོར་གྱིན་རེ་མོས་སུ་འབོད་པ་གནང༌། རྫོང་ནས་སྡེ་པས་ཡར་རྒྱབ་ཞབས་དྲུང་དུ་ཞུ་ཤོག་རྟེན་བཟང་པོ་དང་བཅས་པ་ཕུལ་ནས་དགོངས་ཁྲོལ་ཞུས་པས། ཆོས་སྡེ་གསར་བཞེངས་ལ་བསྟོད་བསྔགས་དང་བཅས་ཞུ་ལེན་ཕྱག་ཐམ་དང༌། སྤྲུལ་སྐུ་ལྷས་སྦྱིན་པ་མགྱོགས་པར་རྫོང་བདར་བྱུང་བས། ཆོས་སྡེར་སླེབ་འཕྲལ་སྣ་ལེན་གྱི་འཛུགས་སྟོན་བཤམས། སྤྲུལ་སྐུ་བས་ཀྱང་ཁོ་རང་གི་ཕྱགས་ཕྱིར་ཡོངས་པ་རྣམས་དང༌། བཀྲ་ཤིས་རྩེ་གཞི་པའི་བཟོ་གཡོག་ཏུ་བསྐོས་པ་རྣམས་ལ་ཉིན་རེ་