[A:༣༥༢]གསེར་གྱི་སྤུ་གྲིའི་ཞལ་བཟོས་ཟིན་འཕྲལ་གྱི་མཆེ་བའི་བར་དུ་རྒྱུ་མའི་གཟུགས་བརྙན་དུམ་བུ་ཞིག་གི་སྣེ་མོ་འཕུལ་བ་དང༌། ཞལ་གྱི་ནང་ནས་དུ་བ་ལྟ་བུའི་རླངས་པ་སྔོ་ཕྱུར་བ་ཞིག་ཐོན་ནས་ཐོག་མཚམས་སུ་སླེབས་པར་སོང༌། དེ་དང་དུས་མཉམ་དུ་སྡེ་པ་རྒྱལ་བུ་སྐུ་བགྲེས་པ་གཟིགས་མོ་ལ་ཕེབས་པས་ཆོ་འཕྲུལ་དེ་གཟིགས་པ་ལ་ཐུགས་བྲེད་ཐབས་སུ་ཕྱིར་ཐེགས་པ་མཛད་འདུག །ཡན་ཆོད་དུ་བདག་ལ་གཟུངས་པར་འདེབས་རྒྱུའི་ཤོག་བུ་ཚན་མཆེ་བ། པར་འདེབས་ལུགས་ཀྱི་ཞལ་བཀོད་དང་བཅས་པ་ཕེབས་པས། སྙུག་ལ་ནས་གཟུངས་པར་ཡོལ་དུ་བླངས། པར་འདེབས་མཁན་ལག་བདེ་བ་དྲུག་ཙམ་གྱིས་ཞག་བཞི་ལ་ཟིན་པ་བྱས། གཟུངས་ལས་ཀྱི་ཕྱག་ཕྱིར་ཡོངས་ཟླ་བ་གཉིས་པའི་ཚེས་གསུམ་ལ་བསམ་སྡིངས་གྲ་ཚང་དུ་སླེབ། བཞི་ལ་བཀྲ་ཤིས་རྩེར་ཞབས་དྲུང་དུ་སླེབ་བཀའ་བགྲོས་དྲི་མལ་བྱུང་དུས། སྣག་ཤོག་ལེགས་ཤིང་མི་ལག་ཀྱང་གྲུལ་ཐུབ་བྱུང་བས་པར་བཀྲ་བ་དང༌། འདི་རང་གི་བཀའ་ཐོ་ཁ་བྱང་ལ་ཞིབ་པར་བལྟས་ནས་བསླབ་སྟོན་གནང་བའི་མང་ཉུང་དབྲི་བསྐྱེད་དགོས་པ་རྣམས་འཛོལ་མེད་དུ་ཡོད་ཚུལ་དང༌། བརྗེད་ཐོ་ཁྲ་མ་ཞིག་ཡོད་པ་ཕྱག་ཏུ་ཕུལ། སྒྲོལ་མ་ལྷ་ཁང་གི་ཐོག་མ་ཕུབ་པའི་གྱང་བཏང་ཟིན་འཕྲལ་དེར་གུར་རྒྱབ་ནས་ཞག་ཤས་བསྡད། ཚེས་བརྒྱད་ནས་བདག་ལ་གཟུངས་ལས་ཀྱི་དོ་དམ་འགོ་ལུང་གྱིས་ཕེབས་པ་དང་ལྷན་ཅིག་ཏུ་ཁུ་སྤེ་སློབ་དཔོན་རིག་པའི་རལ་གྲི། ཆོས་རྗེ་བཀྲས་རྣམ་པ། གྲ་ཚང་གི་དགེ་སློང་དགེ་ཚུལ་བགྲེས་པ་ཁ་ཤས་དང་བཅས་པས་ཕྱག་ལེན་དྲག་པ་ཉི་ཤུ་རྩ་གྲངས་