R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༥༩
[A:༣༥༩]ངག་ལུགས་སམ། བིརྺ་པའི་ལུགས་ཀྱི་རང་གཞུང་ལྟར། ཐོག་མར་ཆས་འཇུག་གྲུབ་ནས་ཉིན་རེ་བཞིན་ཀྱེ་རྡོར་གྱི་གསུང་ཆོག །བདུན་ཚིགས་གསུམ་གྱི་བར་སྐུ་ཚིགས་རེ་ལ་དངོས་སྟ་སྦྲེལ་བ་རེ་གནང༌། གསུམ་པའི་དབང་ཆོག་གྲུབ་ནས། ཞུགས་སྦྱང་གི་ཆོ་ག་རྒྱས་པར་རུས་བུའི་ཆོ་ག་ཕྱག་ཚྭ་རབ་གནས་མདོར་བསྡུས་དང་བཅས་པ་གནང་དུས་ནམ་མཁའ་འཇམ་ཞིང༌། ཁྱད་པར་ཞུགས་སྦྱང་གི་ནུབ་མོ་ནམ་མཁའི་མཐོངས་ཐམས་ཅད་གཞའ་ཚོན་ཁ་དོག་མི་གཅིག་པ་མང་པོའི་ལྡིང་ཁང་དུ་གྱུར་པའི་ནང་ནས་འཇའ་སྤྲིན་རྩེ་མོ་མདོག་སྣ་ཚོགས་པ། རྩ་བ་དཀར་པོ་ཀུ་ཤའི་སྡོང་བུ་འདྲ་བ་ཞིག་བྱུང་བ་སོགས་ཕྱི་ནང་གི་མི་ཐམས་ཅད་ཀྱིས་མཐོང་བས་ཡ་མཚན་སྐྱེས། ཆོས་དང་གང་ཟག་རྣམས་ལ་དད་པ་དང་མཐོང་སྐྱེས། ཞལ་བཞུགས་ཡབ་སྲས་ལ། བླ་མའི་ཕྱག་ནས་སྙེལ་བྱ་གནང་སྦྱིན་རྗེ་བླ་མའི་དྲུང་དུ་ཡང་སྦྱིན་བདག་ཡབ་སྲས་ཀྱིས་དད་པ་ཆེན་པོ་དང༌། སྐུ་གཤེགས་ལ་ཐུགས་བརྩེ་བའི་ཐུགས་འདོགས་སྦྱང་ཡོན་ཐང་སྟོན་གྲལ་དབུར་ཕེབས་དུས་རྣམས་ལ་འབུལ་བ་དངོས་གཙང་གྲངས་མང་བ་དང༌། མགོ་ཆེ་བ་ཁོ་ན་ཕུལ། གདུང་ཆོག་ལ་ཕེབས་པའི་ཚོགས་ཆེན་པ། འཕྱོས་བཀྲ་ཤིས་བདེ་ཆེན་པ། འབྲུག་པའི་གྲ་ཚང་གཉིས། སེར་གསོག་ལ། རྩེས་དང༌། རི་བོ་ཆོས་གླིང༌། དཔལ་འབར། གཡའ་ནང་པ་རྣམས་བྱོན་པའི། སོ་སོའི་མཁན་པོ་བླ་མ་སློབ་དཔོན་རྣམས་རིམ་ཅན་དུ། རྗེ་མཁན་ཆེན་དྲུང་དུ་ཕྱག་འབུལ་ལ་ཕེབས། གདུང་ཆོག་ཆེན་མོ་གྲོལ་སྐབས། རྗེ་དཔོན་སློབ་དེ་ནུབ་བསམ་སྡིངས་སུ་ཐེགས་བཞུད་གནང༌། སང་སྔ་བར་ཆོས་སྡེ་རང་དུ་