R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༦༢
[A:༣༦༢] དེ་རྗེས་དྲུང་ནས་སྤྲུལ་སྐུ་བ་ལ་ན་བཟའ་སྣ་ཁ། ཇ་སྤོབ་རྩེ། གོས་ཕྱི་ནང་རྣམས་ཚན་པ་མང་པོ། ཕྱག་གཡོག་པ་ལྔ་ཙམ་ལ་གོས་སྣ་ཁ་དང་བཅས་པའི་ཉེར་མཁོ་གྲངས་ཅན་གྱི་ཡོན་བཟང་པོ་བརྫངས། བལ་པོ་རྣམས་ལ་གསེར་རྐྱང་དང་གསེར་འདྲའི་ཇ་གོས་དར། གོས་སྣ་སོགས་ཀྱི་རྫོངས། བཟོ་བོ་རྣམས་རིངས་ཁྱད་ཀྱིས་སྔ་འགྲོས་སུ་སོང༌། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་དང་བཅོ་ལྔ་ལ་རབ་གནས་དངོས་སྟ་སྦྲེལ་བ་རྒྱས་པར་གནང་དུས་ཀྱང༌། མངའ་དབུལ་གྱི་མཆོད་བྱ་རྟེན་ཆེན་ལ་ཁ་ཐི་དང་ན་ཇུས་བཟང་པོ་ཡུག། གི་གུ་ཤའི་ཏིང་བདུན་ཆ་ཆེ་གྲ་རྣམས་རྒྱུན་འཇོག་ཏུ་དམིགས་པ་དང༌། འཕྲལ་ཤོམས་ལ་མཱ་ན་ཧུའི་ཁྲུས་གཞོང༌། ཤེལ་དངུལ་གྱི་གུ་ཤ་རྣམས་ཀྱི་ཕུད་ཕོར་དང་དམ་ཕོར། ཏིང༌། ཀོང་བུ་རྣམས་བཟོ་ཁྱད་ཅན་མང་པོ་བསྒྲིགས། ཉེར་སྤྱོད་ལྔ་རེ་རེ་ནས་བརྒྱ་ཕྲག་གཅིག་བཤམས་པའི་མཆོད་ཡོན་རྣམས་ཁ་ཆེས་བསྒྱུར་བ་ལ་མཆོད་རྫས་དང༌། ཆོ་གའི་ཡོ་བྱད་བཟང་པོ་དང་བཅས། དཔོན་སློབ་རགས་བསྡུས་ཞལ་གྲངས་བཅུ་དྲུག་ཙམ་གྱིས་ཐུགས་དམ་གསུང་ཆོག་སྨིན་པར་མཛད་དུ་དངོས་གཞིའི་ཉིན་རྒྱས་གདབ་གྲུབ་མཚམས་ནས་རྟེན་གྱི་ཞལ་མདངས་སྔར་བས་བཟང་དུ་སོང་བ་བདག་གིས་རིག་བྱུང་བས། འབྲུག་དཔོན་དབང་འཛིན་དཔལ་འབྱོར་ལ་གཟིགས་ཕུལ་དུས་ཐུགས་ངེས་འཁྲུངས། དེར་ཡང་ཆོས་སྡེ་ནང་ནས་རྗེ་བླ་མ་དཔོན་སློབ་དང་རྩེ་ཞབས་དྲུང་མཁར་ཐོག་ཞབས་དྲུང་ལྕམ་སོགས་ཆེ་ཧྲགས་མཆོད་ཡོན་ཁ་མི་གཅིག་པ་དུ་མ་ནས་རྟེན་འབུལ་དང༌། ལེགས་བྱའི་གནང་སྦྱིན་འབུལ་ཆ་མང་རགས་སུ་བྱུང༌། སྦྱིན་བདག་ནས་ཆིབས་བཟང་པོ་དང༌། ན་བཟའ། གཞུང་ཇ། ཁྱད་ཇ། གོས་དར་སྤུས་གཙང་དུ་མས་རྡོ་རྗེ་སློབ་