R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༦༦
[A:༣༦༦]ནས་རེ་ཞིག་བདག་གིས་རྩེས་དང་དུ་ཕྱིན། དཔོན་སློབ་ཆོ་འཕྲུལ་ཟླ་ནང་ཐུགས་དམ་བཅད་རྒྱ་ལ་བཞུགས་པ་གྲོལ་ནས། སྤྲེལ་ལོའི་དཔྱིད་དུས་གྲྭ་ཚང་ཀྱེ་རྡོར་གྱི་དཔེ་རྒྱུགས་སོང་བ་རྣམས་ལ་འགྲིག་གཏོང་བ་གནང་སྟེ། ཕྱག་ལེན་ཕྲ་མོ་དག་ལ་ཡང་རྡོ་རྗེ་འཛིན་པ་མཁས་ཤིང་གྲུབ་པ་བརྙེས་པའི་སྤྱན་རྒྱུན་མ་ཉམས་པའི་ཞལ་སྤོད་སྔོན་དུ་སོང་ནས། མགོན་ཁང་གི་རབ་གནས་དང་བསྟུན་ཀྱེ་རྡོར་གྱི་བསྒྲུབ་མཆོད་འཛུགས་པའི་ཡོ་བྱད་ཀྱི་སྟ་གོན་སྤུས་གཙང་ཞིང་བཀོད་པ་ལེགས་པར་གྲུབ་ནས་དཔོན་སློབ་ལྔ་ཙམ་གྱིས་ས་ཆོག་མཛད། ལྷ་སྟ་གོན་དང་བུམ་པ་སྟ་གོན་སོགས་ཀྱི་ཆོག་གྲ་ལ་དཔོན་སློབ་བཞི་བཅུ་ལྷག་ཙམ་བྱུང༌། རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་བཟབས་བྲིས་སུ་མཛད། གནམ་ས་བར་གསུམ་གྱི་རྒྱན་ལྟ་བས་ཆོག་མི་ངོམ་པ་བཀྲམ། བསྒྲུབ་མཆོད་དང་བདག་འཇུག་གི་ཆོ་ག་ཞག་བདུན་སྦྲེལ་དུ་གནང༌། མགོན་ཁང་གི་རྟེན་རྣམས་ལ་རབ་གནས་སྤྱི་འགྲོ་ཐུན་མོང་གི་ཆོ་ག་རྒྱས་པའི་སྟེང་དུ་དམ་པ་ཀུན་དགའ་གྲགས་ཀྱི་ཞལ་གདམས་སུ་འཁོད་པའི་ཕྱག་བཞེས་ཁ་བཀང་སྟེ་མཐའ་རྒྱས་སུ་མཛད་དུས། ཡེ་ཤེས་ཕེབས་པའི་བྱིན་རླབས་ཀྱི་ཟིལ་ཆེན་པོ་མྱོང་གྲུབ་ཏུ་བྱུང༌། འདི་སྐབས་སྦྱིན་བདག་ཆེན་པོ་ནས་ཐོག་མཐའ་བར་གསུམ་དུ་དཔའ་བོའི་སྟོན་མོ་དང༌། རྒྱུན་གྱི་བསྙེན་བཀུར་ལྷའི་དཔལ་འབྱོར་ལྟ་བུ་བྱུང༌། ཚོགས་མཁན་ཆེན་དཔལ་བསོད་བས་ཀྱང་མང་ཇ་བུར་སྟོན་སོགས་ཟུར་འདེགས་གནང༌། དེ་ནས་མགོན་ཁང་དུ་རྒྱུན་གཏོར་རྒྱ་ཆེར་སྤེལ་བ་ལ་རྒྱན་བཀོད་བཟབས་པ་དང༌། དེའི་ཕྱི་ངོས་སུ་བཟང་གོས་བུང་བ་ལྟར་གནག་པའི་ཕན་རྩེ་གསུམ་པའི་འཕྲེང་ཚར། དར་ཟབ་སྣ་ཚོགས་པའི་