[A:༣༦༨]རིངས་སྟབས་སུ་ཐེགས། ཆོས་སྡེའི་ལམ་འབྲས་ལྷ་ཁང་གི་རྟེན་གཙོ་རྡོ་རྗེ་འཆང་གི་གསེར་སྐུ་ཇོ་ཚད་ཞིག་བཞེངས་གྲུབ་གདོང་ཡིན་པས། ནང་བཞུགས་ཀྱི་གྲབས་ཡུལ་ཙམ་དུ་བདག་ལ་བཀྲ་ཤིས་རྩེར་སྡོད་དགོས་པའི་བཀའ་ཕེབས་དང་སྦྱར་བགྱིར་འོས་ཕྲན་བུ་དང་བཅས་རེ་ཞིག་ཆོས་སྡེ་རང་དུ་བསྡད། དཔོན་སློབ་རི་གོང་དུ་ཕེབས་དུས་མགོན་ཁང་ལ་ཡར་རྒྱབ་ཀྱི་དཔུང་སྣ་ཐོར་ཙམ་ལྷགས་ཚར་ནས་ཆུད་ཟོས་ཆེ་རབ་བྱུང་གྲུབ་ན་ཡང༌། སྙན་འབུལ་ལོ་རྒྱུས་གནང་བས་ཞིག་གསོའི་སྦྱིན་བདག་ཡར་རྒྱབ་རང་ནས་མཛད། འཕྲལ་དུ་མགོན་ཁང་ལ་གསོ་རན་ཕུལ་ཕྱིན་མཛད་རུང་བཀའ་ཆད་འཚུབ་འགྱུར་ཆེས་པས་མགོན་གཡག་གིས་གཙང་པོ་ལྷོ་ཁར་ཁ་བལྟས་ཏེ་བརྒལ། ཡར་རྒྱབ་ཀྱི་དམག་གསེབ་ནས་རི་གོང་དུ་བཅོམ་ཁྱེར་ལ་ཡོངས་པ་འགའ་ཞིག་སྙུག་ལར་ཡོད་པ་རྫོང་རྩེའི་སྒོ་མངས་ནས་སྲོད་ལ་དྲན་མེད་དུ་འཕྱོངས་ཏེ་ཤི་བ་དང༌། མི་མཐུན་ཕྱོགས་ཐམས་ཅད་འཕྲལ་ཡུན་དུ་ནོངས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དཔོན་སློབ་བཞུགས་ཐོག་གཞུ་ལོག་གྲོང་པའི་དམག་མི་རགས་བསྡུས་ཀྱིས་ཡོང༌། རི་གོང་ཕུ་ནས་དུད་འགྲོ་ཚན་ཆེ་བ་དེད་པ་ལ། དུར་ཁྲོད་བདག་པོའི་གཏོར་མ་གནང༌། འདི་ཕྱོགས་ནས་མི་ཉུང་ཤས་ཀྱིས་ཕྱིན་པས་ལྷོགས། དམག་མཇུག་ཏུ་གཙང་དཔུང་འབྲོག་དཀར་མོ་གླིང་ཁར་འབྱོར་པའི་ཉེ་ལེན་ལ་ཡར་རྒྱབ་ཀྱི་དཔུང་རོགས་སུ། སྣེ་སྡོང་དང་བཀྲ་ཤིས་རྩེའི་དམག་དཔོན་ལ་སྡེ་པ་རིན་པོ་ཆེ་ཐེགས། དེ་དུས་སྐུ་རིམ་བཀྲ་ཤིས་ཆོས་སྡེ་མགོན་ཁང་དུ་བསྐང་གསོ་བརྒྱ་ཚར་དང་སྦྲེལ་བའི་ཁ་འབར་མའི་གཏོར་ཆེན་ཞིག་ཁོ་བོ་ལ་བཀའ་