[A:༣༦༩]ཕེབས་པ་ལྟར་བགྱིས་སོ། །དཔུང་ཕན་ཚུན་འགྱེས་གདོང་ཞུ་དོན་གྲུབ་པའི་ཡར་བཀུར་གཙང་གསུམ་སོགས་ཆེ་ཕྲའི་མི་སྣས་སྙུག་ལའི་ས་འབྱེད་ཀྱི་དུས། དཔོན་སློབ་ནས་བཀའ་ཁྱབ་ལྟར། རི་གོང་དུ་མཆོད་གཏོར་དང་དཀར་མེ་རྒྱུན་མི་འཆད་པའི་ཆ་རྐྱེན་བོགས་ཡོང་ཆོད། དེ་ནས་ལྷུན་རབ་གཡུལ་རྒྱལ་གཉིས་སུ་ཕེབས་པ་ནས་གཞིས་ཀ་གོང་དཀར་དུ་སྤྱན་འདྲེན་ཞུས་དུས་ཞབས་དྲུང་མིའི་དབང་པོ་དང་མཉམ་ཕྱག་བཞུགས་གདན་མཐོ་དམའ་མཉམ་པས་མཇལ་ཁ་གཞིས་ལེན་དང་བདག་མོ་དོན་ཡོད་རྒྱལ་མོ་ལ་ཚེ་རྟ་ཕྱག་དྲུག་པའི་གཏོར་དབང་སོགས་གནང༌། ཡར་རྒྱབ་ནམ་མཁའ་མཛོད་ནས་གདན་འདྲེན་ཞུས་འདུག་རུང་མ་ཕེབས་པར་བཀྲ་ཤིས་ཆོས་སྡེར་ཤར་ཕེབས་གནང༌། སྙུག་ལ་ནས་སྤྱན་དྲངས་པའི་ཚོགས་བདག་གི་སྐུ་བརྙན་བྱིན་རླབས་ཅན་དང༌། གཟུངས་པར་ལ་བདག་གིས་སྙན་བསྐུལ་དང་གསོལ་དཔོན་བྱང་ཆུབ་རྒྱ་མཚོས་དོ་དམ་བྱས། རྗེ་མཁན་ཆེན་རིན་པོ་ཆེས་བཀའ་ཐོ་གནང་བས་བཀྲ་ཤིས་ཆོས་སྡེར་རྟེན་བཞེངས་རིམ་ཅན་ལ་དམིགས། ཡར་རྒྱབ་ཞབས་དྲུང་ཁུ་དབོན་ནས་ཐུགས་དད་ཀྱི་ལོངས་པར་ཕུལ་བ་ཡང་སྤྱན་དྲངས་ཆོས་སྡེར་འབྱོར། ཚོགས་བདག་རྫོང་དུ་བཞུགས་དེ་ནས་རྩེས་དང་གསོ་སྦྱོང་གླིང་དུ་དཔོན་ས་ཆོས་མཛད་དྲུང་ལ་ཚེ་རྟ། རྣམ་འཇོམས་བྱབས་ཁྲུས། ཕྱག་དྲུག་པའི་གཏོར་དབང་རྣམས་གནང་བར་ཕེབས་བཞུགས་ཞག་བདུན་མཛད་དེ་ཕེབས་ལམ་དོལ་སྔོན་རྫོང་དུ་ཡང་ཆིབས་ཤོལ་དཀར་སྤྲོ་སོགས་ཞུས། སླར་ཆོས་སྡེར་ཕེབས་བཞུགས་