[A:༣༧༠]ཐོག །ལྷ་བཙན་པོའི་གདུང་རིགས་སུ་འཁྲུངས་པ་ལས། སྲིད་སྤངས་ཏེ་ཐར་པར་བྱོན་པའི་བཤེས་གཉེན་དམ་པ་རྗེ་དྲུང་རིན་པོ་ཆེ་དབང་ཕྱུག་རབ་བརྟན་པ་ཕེབས་ཏེ། ཚེ་དབང་དང་ལྗགས་ལུང་ཐུང་བ་ཞིག་གསན་བཞེས་དང༌། ཕྱག་དཔེ་ཞལ་བཤུས་ལ་ཞག་འགའ་ཟུང་བཞུགས་རིང་མཆོད་ཡོན་ཐམས་ཅད་གསུང་ངག་ཞིབ་མོལ་དང༌། དག་སྣང་གཅིག་ཏུ་དཀར་བའི་རྟེན་འབྲེལ་རྨད་དུ་བྱུང་བ་ཡང་གཞན་དོན་ཁོ་ནར་འགྲིག །དེ་མུས་ནས་རྗེ་དྲུང་རིན་པོ་ཆེ་དཔོན་སློབ་ནཱ་ལེནྡྲར་བདག་ཆེན་ཆོས་ཀྱི་རྒྱལ་པོ་དབང་པོའི་སྐུ་ཚབ་ལ་ཕེབས། དེ་རྗེས་བདག་གིས་རྩེས་དང་ནས་ཡོངས། ཆོས་སྡེ་ཀླུ་ཁང་དུ་མེ་འབར་མའི་པོ་ཏིའི་ལུང་ཞིག་ཞུས་པ་རྫོགས་མཚམས་བཀའ་ཕེབས་སུ་ངེད་ལ་སྔར་ཐོབ་ཟིན་པའི་སྙན་བརྒྱུད་པོ་ཏིའི་ནང་ནས་ཕྱུང་བ་རྣམས་ལ་ཕྱག་དཔེའི་ཞལ་བྱང་ཕབ་པའི་ཐོབ་ཡིག་བགྱིས་ཕེབས་པ་ལྟར་ལག་བྲིས་སུ་བྱས། ཁྱེད་གུར་གྱི་གསང་ཁྲིད་དེ་འཆག་མེད་སྒོམ་གྱིན་ཡོད་དམ་ཕེབས་པ་ལ། གསང་ཁྲིད་བློ་ལ་ཤིན་ཏུ་འཇེབས་ཤིང་མོས་པ་ཆེ་བར་ཡོད་པས་མ་ཆག་ཙམ་བྱས་ཞུས་པས་ཞལ་འཛུམ་པ་མཛད། དེ་ནས་མི་འགྱང་བར་མཚན་གཟུངས་ཀྱི་ཁ་སྐོང་རྣམས་པར་དུ་བཞེངས་པ་གནང༌། ཞབས་ནས་ཅུང་ཟད་ཁ་རེག་ཤར་དུ་སོང་བ་དེ་ཡང་གཡར་པོའི་ཚུལ་དུ་སླངས་པས་སྔར་གང་ཡོད་རྣམས་ཆ་འགྲིག་ཏུ་བྱུང༌། ཆོས་སྡེའི་ཐེམ་མི་འདར་བཀས་བཅད། སྔར་དཔོན་སའི་དབུ་ཁབས་གསེར་ཞོ་བརྒྱའི་གོང་ཡོད་པ་དཔོན་ས་ཡུམ་གཤེགས་དུས་ཐུགས་དམ་འདོགས་སུ་ཕུལ་བ་དེ་བཀྲ་ཤིས་རྩེ་རྫོང་རང་དུ་གནང་ནས་ཀྱེ་རྡོར་བསྒྲུབ་མཆོད་དེ་ལོ་སྟར་གྱི་ཆག་མེད་དུ་འཛུགས་པའི་ཐེབས་ལ་དམིགས་བསལ་དུ་